ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པ་རྣམ་རྒྱལ་གྲྭ་ཚང་གིས་ དགའ་ལྡན་ཕོ་བྲང་གི་རྟ་མགྲིན་ཁང་དུ་ཤིང་མོ་ལུག་ལའི་ལོ་གསར་ཚེས་༦ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཐམ་པར་ཕེབས་པའི་ རྒྱ་སྟོན་འདིར་ཚེ་ཡི་ཆོ་གའི་སྒོ་ནས་་གཏན་བཞུགས་འདེགས་འབུལ་ཞུས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ སྔ་རྗེས་ཚོས་འགན་འཁུར་འཕར་མ་ལེན་དགོས་ལུགས་ལམ་སྟོན་བཀའ་སློབ་ཕེབས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་འདི་གསན་རོགས་གནང་། རྣམ་རྒྱལ་གྲྭ་ཚང་གིས་༧གོང་ས་མཆོག་ལ་གཏན་བཞུགས་འདེགས་འབུལ་ཞུས་པ།

XS
SM
MD
LG