ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷར་མའི་གྱེན་ལོག་པ་ཚོས་རྒྱ་གྲམ་དམར་པོར་གཏོར་རྒོལ་བཏང་མེད་ལུགས་བརྗོད་ཡོད་པ།


དྲག་འཐབ་འཁྲུག་འཛིངས་ཤུགས་ཆེ་བྱེད་ཡུལ་ས་ཁུལ་ནས་ས་གནས་གཞན་ལ་བྲོས་བྱོལ་དུ་སྐྱོད་མཁན་སྐྱབས་བཅོལ་བ་མང་དག་འཁྱེར་བའི་རྒྱ་གྲམ་དམར་པོའི་ལས་རྟགས་ཡོད་པའི་རླངས་འཁོར་ལ་གཏོར་རྒོལ་གཏོང་མཁན་ནི་བྷར་མའི་ཀོ་ཀང་གྱེན་ལོག་ཤོག་ཁག་ཡིན་པ་ཡུལ་དེའི་གཞུང་གིས་སྐྱོན་འཛུགས་བྱས་ཡོད་པ་དེ་བདེན་པ་མ་རེད་ཅེས་གྱེན་ལོག་ཤོག་ཁག་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད་ དེ་ཡང་བྷར་མའི་ཀོ་ཀང་གྱེན་ལོག་ཤོག་ཁག་གི་མགྲིན་ཚབ་པས་བྷར་མའི་གཞུང་གིས་གཉེར་བའི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་ རེས་གཟའ་སྤེན་པའི་ཉིན་ཀོང་ཀང་ཤོག་ཁག་གིས་རྒྱ་གྲམ་དམར་པོ་རོགས་ཚོགས་ཀྱི་རླངས་འཁོར་ལ་གཏོར་རྒོལ་བཏང་བའི་གནས་ཚུལ་བྱུང་ཡོད་པའི་འགྲེལ་བརྗོད་བྱས་པ་དེ་ནི་བདེན་པ་གཏན་ནས་མིན་པ་དང་ གཏོར་རྒོལ་གཏང་ཡུལ་ས་གནས་སུ་གྱེན་ལོག་པའི་དཔུང་དམག་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG