ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་སི་ཀྲོ་ལི་ཡའི་བོད་པ་ཚོས་བོད་ལུགས་ལོ་སར་ཟབ་རྒྱས་ངང་རོལ་པ།


ད་ལོའི་ཕྱི་ཟླ་གཉིས་པའི་ཚེས་༡༩་ཉིན་བོད་ལུགས་ཀྱི་ཤིང་མོ་ལུག་གི་གནམ་ལོ་གསར་དུ་ཚེས་པའི་ལོ་སར་ཡིན་པ་དང་། འཛམ་གླིང་ཡུལ་གྲུ་གང་སའི་བོད་པ་ཚོས་ལོ་གསར་པའི་རྟེན་འབྲེལ་འདི་དུས་ཆེན་ཆེ་ཤོས་ཤིག་ལ་བརྩི་སྲོལ་ཡོད་ཅིང་། བོད་ནང་གི་བོད་པ་ཚོར་རྒྱ་ནག་གཞུང་གི་དམ་དྲག་སྲིད་ཇུས་འོག་ཏུ་ལོ་གསར་པ་བསུ་བ་དང་སྦྲགས། དུས་དྲན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་ཆེན་པོ་མེད་རུང་། ཕྱི་རྒྱལ་རང་དབང་ཡུལ་གྲུ་ཁག་གི་བོད་པ་ཚོས་བོད་ཀྱི་རིགས་གཞུང་སྲུང་སྐྱོབ་དང་ཆབས་ཅིག དགའ་དགའ་སྤྲོ་སྤྲོའི་ངང་དུ་ལོ་སར་ལ་རོལ་གྱི་ཡོད་པ་མ་ཟད། ད་ལོ་ཨོ་སི་ཀྲོ་ལི་ཡར་ཡོད་པའི་པ་ཚོས་ཀྱང་བོད་ལུགས་ཀྱི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་པ་རྟེན་འབྲེལ་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG