ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུཀ་རེན་གྱི་དམག་གཞུང་ཕྱིར་འཐེན།


ཡུཀ་རེན་གྱི་སྲིད་འཛིན་ཕུ་རོ་ཤན་ཁོས་གཞུང་དམག་རྣམས་ཌེ་བྷལ་ཚེབ་གྲོང་རྡལ་ནས་ཕྱིར་འཐེན་བྱས་པ་དམག་དོན་འཐབ་ཇུས་ཀྱི་ཐག་གཅོད་ཅིག་ཡིན། ང་ཚོས་གྱེན་ལོག་པའི་སྟོབས་ཤུགས་ལ་མགོ་སྒུར་ནས་གཞུང་དམག་་རྣམས་ཕྱིར་འཐེན་བྱས་པ་ཞིག་མིན། ཡུཀ་རེན་གྱི་གཞུང་གི་ལས་འགན་གྲུབ་ནས་དམག་ས་ནས་ཕྱིར་ལོག་བྱེད་ཀྱི་ཡོད་པ་དང་། ང་ཚོའི་དམག་སྡེ་ཁག་འཆར་གཞི་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱས་པ་ཡིན། ཡུཀ་རེན་གྱི་གཞུང་དམག་གིས་མཚོན་ལྡན་རླངས་འཁོར་དང་ལྕགས་འཁྲབ་འཁོར་ལོ། མེར་སྒྱོགས་དང་མཚོན་ཆ་ཡོད་ཚད་འཁྱེར་ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་འགྲེལ་བཤད་བརྒྱབ་འདུག ཡིན་ནའང་ཨུ་རུ་སུའི་ཕྱོགས་གཏོགས་པ་ཁ་བྲལ་གྱེན་ལོག་པ་ཚོས་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ནས་གཞུང་དམག་རྣམས་རྩ་མེད་བཏང་བ་དང་། ད་ལྟ་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ནས་ཡུཀ་རེན་གྱི་གཞུང་དམག་རྣམས་མཐར་སྐྲོད་བཏང་ཚར་ཞེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG