ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཡར་ཀླུངས་གཙང་པོར་ཆུ་མཛོད་འཛུགས་བསྐྲུན་གྱི་ལས་གཞིའི་ཉེན་ཚབས།


རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོར་ཆུ་མཛོད་བརྒྱབས་དང་རྒྱག་བཞིན་པ་རྣམས་དངོས་སུ་བཀོལ་སྤྱོད་བྱེད་ཚེ་ཡར་ཀླུངས་གཙང་པའི་བབ་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་སྟེ་ཁོར་ཡུག་ལ་ཉེན་ཚབས་ཆེན་པོ་ཡོད་པ་ཁེ་ན་ཌའི་རྩོམ་པ་པོ་Michael Buckley ཡིས། བོད་ཀྱི་རང་བྱུང་ཁོར་ཡུག་ཉམས་ཉེས་ཇི་ལྟར་འགྲོ་བཞིན་པའི་སྐོར་དེབ་ཅིག་བཏོན་ཡོད་པ་རེད། ༸གོང་ས་རྒྱལ་བ་རིན་པོ་ཆེས་རྩོམ་པ་པོའི་དེབ་ཀྱི་སྔོན་གླེང་འབྲི་གནང་མཛད་དོན། བོད་ཀྱི་ཆུ་བོ་སྟངས་འཛིན་བྱེད་ཕྱོགས་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་བློ་འཚབ་སྐྱེ་གཞིའི་རྒྱ་ལས་བརྒལ་ཡོད་པས། འཛམ་གླིང་གི་ས་ཕྱོགས་དེར་དེའི་ཤུགས་རྐྱེན་ཁྱབ་བཞིན་ཡོད་ཅེས་འཁོད་འདུག རྩོམ་པ་པོས་བོད་པ་ཚོ་ནི་འཛམ་གླིང་ནང་ཁོར་ཡུག་སྲུང་སྐྱོབ་པ་མཆོག་ཏུ་གྱུར་བ་རེད། དེའི་རྒྱུ་མཚན་ནི་ཁོང་ཚོས་རང་བྱུང་ཁོར་ཡུག་གཏོར་བཙོམ་མ་བྱས་པར་རང་བཞིན་གྱི་ཁྱད་ཆོས་ལྷང་ངེར་བཞག་པ་དང་། རི་དང་གཙང་པོ། མཚོ། ཤིང་ནགས་བཅས་པར་རྩ་ཆེན་པོ་བརྩི་སྲོལ་ཡོད་པར་བརྟེན་རྒྱ་ནག་གཞུང་གི་བྱེད་སྟངས་ཀྱིས་བོད་པའི་ཁོར་ཡུག་རྩ་འཛིན་དང་ཡོངས་སུ་འགལ་གྱི་་ཡོད་པར་བརྟེན་བོད་པའི་ སེམས་ཁམས་ལ་ཕོག་ཐུག་དང་དམའ་འབེབས་ཆེན་པོ་བཟོས་པ་རེད་ཅེས་བརྗོད་འདུག

XS
SM
MD
LG