ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། གཟའ་ཟླ་བའི་ཉིན་རང་ལོ་༦༦་ལ་སོན་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ་སཱུ་རོང་གུང་ཁྲན་ཏང་གི་ཚོགས་ཁོངས་ནས་ཕྱིར་ཕུད་བྱས་པ་དང་། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་ཚབས་ཆེན་བྱས་ཡོད། སཱུ་རོང་གིས་སོ་སོའི་དབང་ཆ་བེད་སྤྱོད་བྱས་ནས་གཞན་གྱི་ཁེ་ཕན་བསྒྲུབས་པ་དང་། ཁོང་གིས་མིའི་ལག་ལན་ལྐོག་རྔན་འཕོན་ཆེན་ཟ་ལེན་བྱས་ཡོད། སཱུ་རོང་གིས་དབང་ཆ་བེད་སྤྱོད་ལོག་པ་བྱས་པ་དེས་རྒྱལ་ཁབ་ཀྱི་རྒྱུ་དངོས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG