ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཆོས་དཔོན་ཧྲི་ཨེན་ཞང་གི་གནས་སྟངས།


ཟླ་བ་འདིར་རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་ཧྲི་ཨེན་ཞང་གུང་ལོ་༩༤་ལ་ཕེབས་ཡོད་ཅིང་། ཁོང་༡༩༤༧་ལོར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་སྒོར་ཞུགས་ནས་སྡོམ་པ་ཞུས་ཀྱང་། ཁོང་གི་མི་ཚེའི་ནང་གི་ལོ་ངོ་༦༠་ཐམ་པ་བཙོན་ཁང་དང་ངལ་རྩོལ་སྒྱུར་བཀོད་བཙོན་ར་ཁག་ཏུ་སྐྱེལ་ཡོད་པ་དང་། ཆོས་དཔོན་དེའི་ནག་ཉེས་གཙོ་བོ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་དང་གདན་ས་ཝེ་ཊི་ཁན། ཡེ་ཤུ་གནམ་བདག་ཆོས་ལུགས་བཅས་ལ་དད་པ་དམ་ཚིག་མ་འགྱུར་བ་ཁོ་ན་ཡིན་ཞིང་། ད་ལྟ་ཆོས་དཔོན་ཧྲི་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཞིག་ཐོན་རུང་། རྒྱ་གཞུང་གིས་ཆོས་དཔོན་ཧྲི་འདས་གྲོངས་སུ་གྱུར་པ་རེད་ཅེས་གཞུང་འབྲེལ་གྱི་ཁྱབ་བསྒྲགས་བྱས་མེད་པ་དང་། ཁོང་གི་བཟའ་མི་གཉེན་ཚན་སོགས་ལ་ཆོས་དཔོན་ཧྲིའི་ཕུང་པོ་དུར་འཇུག་བྱེད་པའམ། ཡང་ན་ཆོས་དཔོན་དེའི་ཕུང་པོ་མེར་སྲེག་བཏང་བའི་གདུང་ཐལ་ཡིན་ཞེས་སྟོན་རྒྱུ་ཡང་མེད་པ་དང་། རྒྱ་ནག་གཞུང་གིས་ཆོས་དཔོན་ཧྲི་ཨེན་ཞང་འཆི་གསོན་ཅི་ཡིན་གསང་བྱས་ནས་གནས་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG