ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཉམ་ཐག་བོད་མིའི་མི་འབོར་གྱི་བརྒྱ་ཆ་སུམ་ཅུ་མར་འཇག་ཡོད་ཅེས་བཤད་འདུག


རྒྱ་ནག་གཞུང་གིས་འདོན་སྤེལ་བྱས་པའི་སྙན་ཐོར་གཞིགས་ན་ རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འཚོ་བ་ཡར་རྒྱས་ཆེད་མ་དངུལ་ཕོན་ཆེ་ཆེད་གཏོང་བྱེད་ཀྱི་ཡོད་པ་དང་ ཕྱོགས་མཚུངས་བོད་ནང་ཉམ་ཐག་མི་མང་གི་མི་འབོར་གྱིs་བརྒྱ་ཆ་སུམ་ཅུ་མར་ཆག་ཡོད་པའི་འགྲེལ་བརྗོད་བྱས་འདུག བོད་ནང་འགྲོ་གྲོན་བཏང་ལུགས་ཀྱི་དངུལ་འབོར་རྣམས་དངོས་འབྲེལ་བོད་མིར་ཁེ་ཕན་ཇི་འདྲ་ཐོབ་མིན་ཁ་གསལ་མེད་པ་མ་ཟད་ ཞིང་འབྲོག་བོད་མི་ཕོན་ཆེ་ཞིག་གྲོང་ཁྱེར་ཁག་ཏུ་སྤོ་ཏུ་དུ་བཅུག་པའི་སྲིད་ཇུས་འོག་བོད་མི་རྣམས་སྔར་ལས་ཉམ་ཐག་གི་གནས་སུ་ལྷུངས་ཤུགས་ཆེ་རུ་འགྲོ་གི་ཡོད་ལུགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG