ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྡི་ལིའི་གྲོས་ཚོགས་ཀྱི་འོས་བསྡུར་བྷི་ཇེ་པི་ལ་ཕམ་ཉེས་ཆེན་པོ་བྱུང་བ།


རྒྱ་གར་ནང་ལྡི་ལི་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་ནང་ལྐོག་ས་རུལ་སུངས་ལ་འཐབ་རྩོད་བྱེད་མཁན་ཨམ་ཨཐ་མི་ཞེས་པའི་སྲིད་དོན་ཚོགས་པར་ཡུག་གཅིག་གི་རྒྱལ་ཁ་ཐོབ་ནས་སྲིད་དོན་ཚོགས་པ་དེའི་དབུ་ཁྲིད་ཨན་ཝིནྟ་ ཀེཇ་རི་ཝལ་སྤྱི་ཁྱབ་བློན་ཆེན་ཆགས་རྒྱུ་གཏན་འཁེལ་ཟིན་འདུག་པ་དང་། ད་བར་འོས་ཤོག་གྲངས་བཤེར་ཟིན་པའི་ནང་ལྡི་ལིའི་གྲོས་ཚོགས་ནང་འཐུས་མི་གདན་གྲངས་༧༠ཡོད་པའི་ནང་ནས་ཨམ་ཨཐ་མི་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་ ༦༧ གྱི་རྒྱལ་ཁ་ཐོབ་འདུག་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་པར་འཐུས་མི་གསུམ་མ་གཏོགས་འདེམས་ཐོན་བྱུང་མེད་ཅིང་། ཀོང་རེས་སྲིད་དོན་ཚོགས་པར་གཅིག་ཀྱང་འོས་འདེམས་བྱུང་མེད་པ་རེད། ལྡི་ལི་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་གཞུང་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པར་འོས་བསྡུའི་གྲུབ་འབྲས་ཤིན་ཏུ་སྐྱོ་བོ་བྱུང་བ་དེ་ནི་སྲིད་བློན་ན་རེན་ཌྲ་ མི་ལྡི་ལི་དབུ་ཁྲིད་པའི་བྷི་ཇེ་པི་སྲིད་དོན་ཚོགས་པར་ན་ནིང་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁའི་གྲུབ་འབྲས་ཆེན་པོ་ཐོབ་རྗེས་ད་ལམ་གྱི་ཕམ་ཉེས་ཆེན་པོ་དེ་བྱུང་བ་ཞིག་ཡིན་པ་རེད། ཨམ་ཨཐ་མི་སྲིད་དོན་ཚོགས་པའི་དབུ་ཁྲིད་ཨན་ཝིནྟ་ ཀེཇ་རི་ཝལ་གྱིས་རྒྱལ་ཁའི་ཚོགས་འཛོམས་ཐོག་ད་ལམ་གྱི་གྲུབ་འབྲས་དེ་ནི་ལྡི་ལིའི་མི་མང་ཚོར་ཡིད་དབང་འཕྲོག་པའི་རྒྱལ་ཁ་ཞིག་རེད་ཅེས་གསུངས་ནས་དགའ་སྟོན་གནང་ཡོད་པ་དང་། སྲིད་བློན་མོ་དྷིས་སྐུ་ཞབས་ཀེཇ་རི་ཝལ་འཚམས་འདྲི་གནང་ཡོད་པ་རེད།

XS
SM
MD
LG