ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གཞུང་གིས་རྒྱལ་ཚོགས་སུ་བཏོན་པའི་གྲོས་འཆར་ཞིག་ལ་མི་རྣམས་ཧང་སང་ཡོད་པ།


རྒྱ་ནག་གཞུང་གིས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་སྐྱོན་བརྗོད་བྱེད་མཁན་ཡུལ་གྲུ་ཁག་གི་མིང་ཕྱིར་བསྒྲགས་མ་བྱས་པར་སྦ་གསང་བྱ་རྒྱུའི་གྲོས་འཆར་ཞིག་བཏོན་ཡོད་པ་དེར་ རྒྱལ་ཁབ་མང་པོའི་ཕྱི་འབྲེལ་མི་སྣ་དང་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་ཀྱི་རྒོལ་གཏམ་ཤུགས་ཆེ་བཏང་ཡོད་པ་རེད། རྒྱ་ནག་གི་གྲོས་འཆར་དེ་ནི་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཚོགས་ཞུགས་ཆོག་པའི་ཆོག་མཆན་ཞུ་མཁན་ གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྙན་ཞུ་ལ་ཞིབ་འཇུག་བྱེད་མཁན་རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་འདུའི་ཐོག་བཏོན་པ་ཞིག་ཡིན་པ་དང་ དེ་ལ་ཨ་མི་རི་ཀ་གཙོ་བོར་གྱུར་བའི་ཚོགས་འཐུས་རྒྱལ་ཁབ་མང་པོས་མཐའ་ཅིག་ཏུ་ངོ་རྒོལ་བྱས་པར་བརྟེན་ མཐར་རྒྱ་ནག་གཞུང་གིས་གྲོས་འཆར་དེ་ཕྱིར་འཐེན་བྱས་ཡོད་པ་རེད།

XS
SM
MD
LG