ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྐོག་ཟ་རུལ་སུངས་དམ་དྲག་བྱེད་ཕྱོགས་དེ་ད་ཆ་དངུལ་རྩིས་སྡེ་ཚན་ལ་བྱེད་འགོ་ཚུགས་པ།


རྒྱ་ནག་གཞུང་གིས་སྐོག་ཟ་རུལ་སུངས་བཀག་སྡོམ་གྱི་ལས་དོན་ཤུགས་ཆེ་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་ཆབ་སྲིད་ཀྱི་དཔོན་རིགས་ཁག་གཅིག་ལ་སྐོག་ཟ་རུལ་སུངས་ཀྱི་གི་ཉེས་མིང་ཐོག་དམ་དྲག་དང་ཁྲིམས་བཅད་བཏང་ཡོད་པ་ལྟར་ སྐོག་ཟ་རུལ་སུངས་ཀྱི་ངན་སྤྱོད་ལ་དམ་དྲག་བྱེད་ཕྱོགས་དེ་ད་ཆ་བཞིན་དངུལ་རྩིས་ལས་དོན་གྱི་སྡེ་ཚན་ཐོག་བྱེད་འགོ་ཚུགས་ཡོད་པའི་ནང་ པི་ཅིང་དངུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལུའུ་ ཧེ་ཅུན་ལ་ཚབས་ཆེའི་ཚུལ་མིན་གྱི་ངན་སྤྱོད་སྤེལ་བའི་ཉེས་འཛུགས་དང་འབྲེལ་ཞིབ་བཤེར་བྱེད་བཞིན་པ་རེད།

XS
SM
MD
LG