ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇོར་ཌན་གྱིས་དྲག་སྤྱོད་པ་གཉིས་ལ་སྲོག་ཁྲིམས་བཅད་ནས་བསད་པ།


ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞི་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་འཇོར་ཌན་གྱི་འཐབ་འཛིང་གནམ་གྲུ་ཞིག་གི་ཁ་ལོ་བ་ལྕགས་དྲའི་ནང་དུ་བཅུག་པ་དང་། ཁོང་གི་ལུས་ལ་ས་སྣུམ་བྱོ་ནས་གསོན་པར་མེར་སྲེག་བཏང་བའི་བརྙན་འཕྲིན་ཕྱིར་བསྒྲགས་བྱས་ཏེ། གཟའ་ལྷག་པའི་ཉིན་འཇོར་ཌན་གྱི་ཨི་རཀ་གི་བུད་མེད་རང་སྲོག་བློས་གཏོང་བ་སཇི་ཏ་ཚུད་པའི་འཇིགས་སྐུལ་རིང་ལུགས་པ་ཞིག་གི་སྐེ་ལ་ཐག་པ་གཡོགས་ནས་བསད་པ་དང་། ད་དུང་འཇོར་ཌན་རྒྱལ་ཡོངས་སུ་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་དམག་བརྒྱབ་ནས་རྒོལ་ལན་དྲག་པོ་སློག་དགོས་ཞེས་མི་མང་གིས་སྐད་འབོད་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

XS
SM
MD
LG