ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མ་མཆོག་གིས་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་བཟང་པོ་ཡོད་པར་རྒྱ་ནག་འཇིགས་སྣང་སྐྱེས་དོན་མེད་གསུངས་པ།


སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས་ ཨ་རི་དང་རྒྱ་གར་གཉིས་འབྲེལ་ལམ་བཟང་པོ་ཡོད་པར་རྒྱ་ནག་གིས་ཉེན་ཚབས་ཆེ་བའི་གནད་དོན་ཡིན་པ་ཚོར་དགོས་ཀྱི་མ་རེད་ཅེས་གསུངས་པ་དང་ དུས་མཚུངས་ཁོང་གིས་དམར་ཤོག་རྒྱལ་ཁབ་དེ་ཡིས་རྒྱ་མཚོའི་གནད་དོན་ཁག་གི་ཐོག་ཝེད་ནམ་དང་ཕི་ལི་པིནསེ་སོགས་ལ་དབང་ཡོད་ཤོད་རྒྱུ་ཡོག་མ་རེད་ཅེས་ཉེན་བརྡ་བཏང་ཡོད་འདུག སྲིད་འཛིན་ཨོ་བྷ་མ་མཆོག་གི་གོང་ཞུས་ཀྱི་གཏམ་བཤད་དེ་ཚོ་ནི་ཉེ་ཆར་ཁོང་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་པ་དང་དུས་བསྟུན་ཏེ་ཨ་རིའི་བརྙན་འཕྲིན་ལས་ཁང་སི་ཨེན་ཨེན་གྱིས་གནས་འདྲི་ཞུས་པའི་ལན་དུ་གསུངས་བའི་གྲས་ཡིན་པ་རེད།

XS
SM
MD
LG