ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགེ་འདུན་ཞིག་ཁྲིན་ཏུའུ་རུ་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་བཙན་ཁྲིད།


ཟླ་སྔོན་མའི་ཟླ་མགོ་ཙམ་ལ་ཕ་ཡུལ་མཚོ་སྔོན་མང་ར་ནས་ཡིན་པའི་ཟླ་ཚང་དགེ་འདུན་རྒྱ་མཚོ་ལགས་ཁྲིན་ཏུའུ་ནས་བཙན་ཁྲིད་བྱས་པ་དང་། བཙན་ཁྲིད་བྱེད་མཁན་ནི་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་ཡིན་པའི་དོགས་པ་བྱེད་ཀི་ཡོད།། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ ཡས་མས་ཤིག་ལ་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་དུ། དགེ་འདུན་རྒྱ་མཚོ་ལགས་རྒྱུ་མཚན་གསལ་ཁ་མེད་པར་འཛིན་བཟུང་བྱས་པ་རེད་ཟེར།། དགེ་འདུན་རྒྱ་མཚོ་ལགས་ཀྱིས་༢༠༠༨ ལོའི་སྔོན་ལ་ལྷ་སའི་འབྲས་སྤུངས་དགོན་དང་མང་རའི་ཐར་ཤུལ་དགོན་བཅས་སུ་སློབ་གཉེར་གནང་ཡོད་པ་དང་། ༢༠༠༨ ལོར་ཁོང་ལྷ་ས་ནས་འཛིན་བཟུང་གིས་ཟླ་གསུམ་ལྷག་ལ་བཀག་ཉར་བྱས་ཡོད་ཅིང་། རྗེས་སུ་ཀློད་གྲོལ་ཐོབ་རྗེས་མང་ར་རྫོང་ཐོ་ལེ་དགོན་པར་སློབ་གཉེར་བྱེད་མུས་ཡིན་པ་རེད།། ཉེ་ལམ་དགོན་པའི་དགུན་ཁའི་གུང་གསེང་དང་བསྟུན་རོགས་པ་གྲྭ་བ་གཞན་གཉིས་དང་མཉམ་དུ་ཁྲིན་ཏུའུ་རུ་རྒྱ་ཡིག་སྦྱོང་དུ་ཕྱིན་པ་དང་། རྒྱ་ཡིག་འཛིན་གྲྭ་གྲོལ་ནས་ཕྱིར་ཡོང་བའི་ལམ་བར་དུ། མིག་ཤེལ་ནག་པོ་གྱོན་ཡོད་པའི་མི་ཁག་ཅིག་གིས་ཁོང་འཛིན་བཟུང་གིས་བཙན་འཁྲིད་བྱས་དང་། རྩིས་འཁོར་དང་རྩོམ་ཡིག་སོགས་ཀྱང་འཕྲོག་འདུག ཁོའི་རོགས་པ་གཉིས་ཀྱིས་ཉིན་དེར་དགེ་འདུན་རྒྱ་མཚོ་འཛིན་བཟུང་བྱེད་མཁན་དེ་དག་རྒྱ་གཞུང་གསང་བའི་ལས་ཁུངས་ཀྱི་མི་སྣ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།། དགེ་འདུན་རྒྱ་མཚོ་ལགས་ནི་མཚོ་སྔོན་མང་ར་རྫོང་ཐར་ཤུལ་ཡུལ་མཚོ་ནས་ཡིན་པ་དང་། ཁོང་གི་སྨྱུག་མིང་ལ་ཟླ་ལྡེ་མིག་དང་། དྲ་མིང་ལ་བདེན་པའི་མེ་ལྕེ་ཞུ་བ་རེད། རྩོམ་པ་པོ་དགེ་འདུན་རྒྱ་མཚོ་ལགས་ད་ལྟ་རང་ལོ་ ༢༧ ཡིན་ཞིང་། ཁོང་ད་ལྟ་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་འདུག

XS
SM
MD
LG