རྒྱ་གར་གྱིས་ཉེ་སྔོན་རེས་གཟའ་སྤེན་པའི་ཉིན། ཨེ་གྷི་ནི་ལྔ་ཞེས་པའི་རྒྱང་ཐག་ཀི་ལོ་མི་ཊར་ལྔ་སྟོང་ཙམ་བར་སྙོབས་ཐུབ་པའམ་ གླིང་ཆེན་གཅིག་ནས་གཅིག་ལ་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་ཐོག་མ་དེ་ ལམ་ལྷོང་ལྡན་པའི་ཐོག་ནས་ཚོད་ལྟ་བྱས་ཐུབ་ཡོད་པ་དང་ དེའི་གོང་དུ་རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་ཐེངས་གཉིས་ཚོད་ལྟ་བྱས་ཟིན་ཡོད་ཀྱང་ ད་རེས་ཀྱི་དེ་སྔོན་མའི་མེ་ཤུགས་འཕུར་མདེལ་གཉིས་དང་མི་འདྲ་བར་ ས་ཐོག་གམ་ ཡང་ན་ རླངས་འཁོར་སྟེང་སོགས་ཀྱི་ཐོག་ནས་འཕེན་གཏོང་བྱེད་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་ཞིང་ གོང་ཞུས་གསར་དུ་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདེལ་དེས་རྒྱ་ནག་དང་ ནུབ་ཕྱོགས་ཡུ་རོབ་ཀྱི་ས་ཁུལ་ཡོངས་རྫོགས་བར་སྙོབས་ཐུབ་པའི་ནུས་པ་ཡོད་ལུགས་རྒྱ་གར་གྱི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་འདུག