ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

རྒྱ་གར་གྱིས་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་མངགས་གཏོང་གནང་ཡོད་པ།


གཟའ་འཁོར་འདི་རྫོགས་མཚམས་སུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་རྒྱུ་ཡིན་ལུགས། རྒྱ་གར་གཞུང་གིས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་གནང་ཡོད་ཅིང་། དེ་ནི། ཨ་མི་རི་ཀ་དང་རྒྱ་གར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ཏེ། ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག་གིས་རྒྱ་གར་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་གྲུབ་སྟེ་ཉིན་གཅིག་སོང་བའི་རྗེས་སུ་བྱུང་བ་ཞིག་ཀྱང་ཡིན་པ་རེད། རྒྱ་གར་གཞུང་གི་གསལ་བསྒྲགས་དེའི་ནང་བརྗོད་དོན་ལྟར་ན། ཕྱི་སྲིད་བློན་ཆེན་ལྕམ་སུཤ་མཱ་ སཱ་ཝ་རཇ་ གཟའ་ཉི་མའི་ཉིན་རྒྱ་ནག་ལ་ཕེབས་ཏེ། དེ་གར་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡཱི་དང་ཡུལ་གྲུ་གཉིས་ཀྱི་གནད་དོན་དང་། རྒྱལ་སྤྱིའི་གནད་དོན་སོགས་གནད་དོན་མང་པོའི་ཐད་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། རྒྱ་གར་དང་། རྒྱ་ནག དེ་བཞིན། ར་ཤི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུ་ཞིག་ལའང་ཚོགས་ཞུགས་བྱ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་འདུག ཨ་མི་རི་ཀའི་སྲིད་འཛིན་ཨཽ་བྷ་མ་མཆོག་རྒྱ་གར་ལ་འཚམས་འདྲིར་ཕེབས་པར། རྒྱ་ནག་གིས་བློ་འཚབ་དང་བཅས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། དེའི་ཐད་མི་འདོད་པའི་གནས་ཚུལ་མང་དག་ཅིག་ཀྱང་སྤེལ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG