ངོ་འཕྲད་བདེ་བའི་དྲ་འབྲེལ།

མཚོ་གླིང་བདག་དབང་གི་གནད་དོན་ཐད་རྒྱ་ནག་གི་བྱ་སྤྱོད་ལ་བློ་འཚབ་བྱེད་ཀྱི་ཡོད་པ།


རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་ཕལ་ཆེ་བ་རང་ལ་བདག་དབང་ཡོད་ལུགས་ངོས་འཛིན་བྱེད་ཀྱི་ཡོད་པ་ལ་ལྷོ་ཤར་ཨེ་ཤི་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་ཆབས་ཅིག་ རེས་གཟའ་ལྷག་པའི་ཉིན་ཕྷི་ལི་པིན་གཞུང་གིས་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཚོར་རྒྱ་ནག་ལ་གདོང་ལེན་བྱ་རྒྱུར་ཚང་མས་ཕྱོགས་གཅིག་ཏུ་ལང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ དེ་ཡང་རྒྱལ་ཁབ་བཅུ་ལས་གྲུབ་པའི་ལྷོ་ཤར་ཨེ་ཤི་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པ་མ་ལེ་ཤི་ཡའི་ས་ཁུལ་ཞིག་ཏུ་འདུ་འཛོམས་བྱས་ཏེ་ སྐབས་དེར་ཕྷི་ལི་པིན་སྲིད་གཞུང་གིས་ གལ་ཏེ་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཉེ་འགྲམ་དུ་ཡོད་བཞིན་པའི་ཧ་ཅང་ཉེན་ཚབས་ཅན་གྱི་གནད་དོན་ལ་གདོང་ལེན་ནན་པོ་ཞིག་བྱེད་མ་ཐུབ་ཚེ་ གྱོང་གུན་ཆེན་པོ་ཞིག་ཡོང་སྲིད་པའི་ཉེན་བརྡ་བཏང་བའི་རྗེས་གོང་ཞུས་གཏམ་བཤད་དེ་བྱས་པ་ཞིག་ཡིན་པ་རེད།

XS
SM
MD
LG