ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འཛམ་གླིང་ནང་རང་དབང་ལ་ཉམས་རྒུད་བྱུང་ཡོད་པ།


འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་ ༦༠ ཙམ་མམ། མི་ཐེར་འབུམ་གཉིས་ དང་གྲངས་ཆུང་དྲུག་སྐོར་ཞིག རང་དབང་ཆ་ཚང་བ་མེད་པའི་ཡུལ་གྲུ་ཁག་གི་ ནང་གནས་སྡོད་བྱེད་ཀྱི་ཡོད་པ་ལ་བརྟེན་ནས། འཛམ་གླིང་ཁྱོན་གྱི་རང་དབང་ གི་གནས་སྟངས་ལ་ཉམས་རྒུད་ཆེན་པོ་བྱུང་ཡོད་ལུགས་རེས་གཟའ་ལྷག་པའི་ ཉིན་འདོན་སྤེལ་བྱས་པའི་རང་དབང་ཁང་པའི་སྙན་ཐོ་ཞིག་གི་ནང་འཁོད་ཡོད་པ་རེད། རང་དབང་ཁང་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཞིབ་ འཇུག་བྱས་པའི་ལོ་རེའིསྙན་ཐོ་དེ་ནི། རྒྱལ་ཁབ་ ༡༩༥ དང་། མངའ་ཁོངས་ས་ ཁུལ་ ༡༥ བཅས་ཀྱི་ནང་རང་དབང་གི་གནས་སྟངས་ཐད་ཞིབ་འཇུག་བྱས་པའི་ རྗེས། ཕྱི་ལོ་༢༠༡༤ ལོའི་ནང་ རྒྱལ་ཁབ་ ༦༡ ནང་རང་དབང་གི་གནས་ སྟངས་སྐྱོ་རུ་ཕྱིན་ཡོད་པའི་མུར། རྒྱལ་ཁབ་་༣༡ ནང་རང་དབང་ལ་ཡར་ རྒྱས་ཕྱིན་ཡོད་པ་ཞིག་སྟོན་ཡོད་པ་རེད། སྙན་ཐོ་དེའི་ནང་འཁོད་དོན་ལྟར་ན། འཇིགས་བསྐུལ་རིང་དྲག་སྤྱོད་རུ་ཚོགས་ ཁག་གིས། བདེ་འཇགས་དཔུང་དམག་དང་ཞི་བའི་སྤྱི་འབངས་མི་སེར་རྣམས་ གང་བྱུང་དུ་བསྡེབས་གསོད་གཏོང་བ་དང་། ཕྱི་རྒྱལ་གྱི་མི་སྣ་བཙན་ཁྲིད་བྱས་ ཏེ་དམར་གསོད་གཏོང་བ་སོགས་བྱས་ཡོད་པའི་རྐྱེན་གྱིས། དཀྱིལ་ཤར་ཡུལ་ གྲུ་དང་། ནུབ་ཨ་ཕྷི་རི་ཀའི་ཡུལ་གྲུ་ཁག་གི་ནང་ཕྱི་ལོ་༢༠༡༤ལོའི་ནང་གནོད་ འཚེའི་དོ་ཕོག་ཆེན་པོ་བྱུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG