ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་གཞུང་གི་བཙོན་དུ་ཡོད་པའི་བོད་མི་ཞིག་གློད་བཀྲོལ་བྱུང་ཡོད་པ།


ཁམས་ལི་ཐང་གཡོན་རུ་དགེ་ལྡན་རབ་རྒྱས་གླིང་དགོན་པའི་དགེ་འདུན་པ་འཇམ་དབྱངས་བསྟན་འཛིན་ཞུ་བ་དེ་ རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་གྱི་རིང་བཙོན་འཇུག་བྱས་པའི་མཐར་འདི་ཟླའི་ཚེས་༢༤འི་ཉིན་གློད་བཀྲོལ་བཏང་ཡོད་འདུག ཁོང་འདས་པའི་ལོ་བདུན་ཙམ་ཞིག་གི་རིང་བཙོན་འཇུག་ཐེངས་འགའ་ཞིག་བྱས་པའི་རྐྱེན་གྱིས་སྐུ་གཟུགས་གནས་སྟངས་ཡག་པོ་མེད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་ཡོད་པ་དགའ་ལྡན་ བྱང་རྩེ་གྲྭ་ཚང་གི་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་སུ་འདི་གའི་ལས་བྱེད་ཚེ་བརྟན་ཆོས་སྒྲོན་ལགས་ནས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG