ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་རྒྱལ་ལ་གནས་སྤོ་བྱས་པ་རྣམས་ཀྱི་ཕྲུ་གུ་ཚུར་འགུགས་ཐབས་བྱེད་ཀྱི་ཡོད་པ།


ཧོང་ཀོང་གཞུང་གིས། དེ་སྔ་ས་གནས་དེ་ནས་ཕྱི་རྒྱལ་ལ་གནས་སྤོ་བྱས་པ་རྣམས་ཀྱི་ཕྲུ་གུ་ ད་ཆ་ས་གནས་དེར་ཚུར་འགུགས་ཐབས་བྱ་རྒྱུར་དམིགས་པའི་ཐབས་བྱུས་ཤིག་ལག་ལེན་བསྟར་འགོ་ཚུགས་ཏེ། ཕྲུ་གུ་དེ་གྲས་ལ་ཧོང་ཀོང་གི་ནང་ལོ་གཅིག་སྡོད་ཆོག་པའི་ཐོངས་མཆན་དང་། ལས་ཀ་བྱེད་ཆོག་པའི་ཆོག་མཆན་བཅས་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། ཧོང་ཀོང་དེ་བཞིན་དབྱིན་ཇིའི་གཞུང་གིས། རྒྱ་ནག་ལ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བདུན་ལོར་རྩིས་སྤྲོད་དངོས་སུ་མ་བྱས་པའི་ལོ་ཤས་ཀྱི་གོང་དུ། ས་གནས་དེའི་གྲོང་མི་སྟོང་ཕྲག་མང་པོ། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོ་བྱས་ཡོད་པ་དང་། དེ་ཁོངས་ནས་མང་པོ་ཞིག་ཀེ་ནཱེ་ཌའི་གྲོང་ཁྱེར་ཝན་ཀུ་བྷར་ལ་གནས་སྤོ་བྱས་ཡོད་པ་རེད། ད་ལྟ་ཀེ་ནཱེ་ཌའི་གྲོང་ཁྱེར་དེའི་ནང་ སྐབས་དེ་དུས་ཧོང་ཀོང་ནས་གནས་སྤོ་བྱས་པའི་རྒྱ་མི་དེ་དག་དང་། དེ་དག་གི་བུ་ཕྲུག་དང་བུ་ཚ་སོགས་མི་འབོར་སྟོང་ཕྲག་མང་པོ་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཉམས་ཞིབ་མཁས་པ་ཚོས། ཧོང་ཀོང་ས་གནས་གཞུང་གི་ཐབས་བྱུས་འདིར་ལམ་ལྷོངས་ཡོང་རྒྱུ་ཁག་པོ་རེད་ཅེས་རྗོད་ཀྱི་ཡོད་པ་རེད།

XS
SM
MD
LG