ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨོ་བྷ་མ་རྒྱ་གར་ལ་ཕེབས་པའི་དམིགས་ཡུལ་རྒྱ་ནག་གི་ཤུགས་རྐྱེན་གནོན་སྡོམ་བྱ་རྒྱུ་དེ་ཡིན།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག རྒྱ་གར་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་ཐེངས་གཉིས་པ་འགོ་འཛུགས་གནང་ཡོད་ཅིང་། སྲིད་འཛིན་གྱི་འཚམས་འདྲི་འདི་ལ་རྒྱལ་ཁབ་སྤྱི་དང་ ལྷག་པར་དུ་རྒྱ་ནག་གིས་དོ་སྣང་ཧ་ཅང་ཆེན་པོ་བྱས་ཏེ། རྒྱ་ནག་གི་གཞུང་གཉེར་བརྙན་འཕྲིན་ཐོག་སྲིད་འཛིན་གྱི་འཚམས་འདྲིའི་སྐོར་གནས་ཚུལ་ཞིབ་ཕྲ་བསྟན་པ་དང་ཆབས་ཅིག འཚམས་འདྲི་འདིའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་ཤུགས་རྐྱེན་གནོན་སྡོམ་བྱ་རྒྱུའི་ཆེད་དུ་ཡིན་ཚུལ་དང་། དེ་ལ་རྒྱ་གར་གྱིས་ཞོགས་འདེགས་བྱ་རྒྱུ་མིན་ཚུལ་སོགས། རྒྱ་ནག་གཞུང་འབྲེལ་གྱི་དཔྱད་གཏམ་པ་དེ་གྲས་ཀྱིས་དཔྱད་གཏམ་མང་དག་ཅིག་སྤེལ་ཡོད་པ་རེད།།

XS
SM
MD
LG