ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་ནག་གི་འཇིགས་སྐུལ་ལ་འཐབ་རྒོལ་བཅའ་ཁྲིམས།


ན་ནིང་ཕྱི་ཟླ་༡༡་ནང་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་ཟིན་བྲིས་ཤིག་གཏན་འབེབས་བྱས་ཏེ། བཅའ་ཁྲིམས་དེ་དངོས་སུ་ལག་ལེན་བསྟར་ན་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ལས་ཁུངས་གསར་པ་ཞིག་ཚུགས་རྒྱུ་དང་། ལས་ཁུངས་གསར་པ་དེར་ཚོགས་པ་གང་ཞིག་འཇིགས་སྐུལ་རིང་ལུགས་པ་ཡིན་པར་ངོས་འཛིན་བྱ་ཆོག་པའི་དབང་ཚད་ཡོད་པས། འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་ཕོག་པའི་མི་དེ་ཚོར་ཁྲིམས་མཐུན་གྱི་ཐོབ་ཐང་གང་ཡང་མེད་པར་མནར་གཅོད་མྱོང་རྒྱུའི་ཉེན་ཀ་ཡོད་ཅིང་། རྒྱ་ནག་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་ཟིན་བྲིས་ནང་དུ་བསམ་བློ་དང་གཏམ་བརྗོད། སྤྱོད་པ་བཅས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པ་སོགས་འདུས་ཡོད་པ་དང་། ད་དུང་མི་རིགས་ཀྱི་བར་དུ་ཞེ་འཁོན་བསླངས་ནས་རྒྱལ་ཁབ་ཁ་བྲལ་གཏོང་བའང་ཁོད་ཡོད་པ་མཟད། དེང་སྐབས་རྒྱ་ནག་གཞུང་གིས་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་ཟེར་པའི་ནག་ཉེས་བཙུགས་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG