ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་ངོ་བཞི་ཡི་རིང་བོད་མིའི་ཁྱིམ་ཚང་གི་ལས་འགུལ།


སུད་སིར་རྟེན་གཞི་བྱས་ཡོད་པའི་བོད་མིའི་ཁྱིམ་ཚང་ཁག་ཅིག་གིས་འདས་པའི་ལོ་ངོ་བཞི་ཡི་རིང་ལ། བོད་ནང་གི་བོད་མིའི་དཀའ་སྡུག་གི་གནས་སྟངས་བྲིས་པའི་ཡིག་ཆ་འགྲེམས་སྤེལ་དང་རྒྱལ་ཚོགས་ལ་ཞུ་འབོད་ཀྱི་ལས་འགུལ་སྤེལ་བཞིན་པ་ད་བར་ལྟ་ལས་འགུལ་ཐེངས་༣༧་སྤེལ་ཚར་ཙམ་རེད།

བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་ཕྱིན་པའི་སྐབས་སུ། སུད་སིར་གནས་སྡོད་བོད་མི་སྟག་ཚང་དཀོན་མཆོག་ལགས་ཀྱིས་བོད་མིའི་ཁྱིམ་ཚང་གི་གོམ་བགྲོད་ལས་འགུལ་མགོ་བཙུགས་ཤིང་། རིམ་བཞིན་བོད་མིའི་ཁྱིམ་ཚང་གིས་བྱས་པའི་ལས་འགུལ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་ཀྱི་མདུན་ཐང་དུ། བོད་མིའི་དཀའ་སྡུག་གི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་དང་མཉམ་འབྲེལ་རྒྱལ་ཚོགས་ལ ་ཞུ་འབོད་ཀྱི་ལས་འགུལ་གྱི་ངོ་བར་བསྒྱུར་ཏེ། འདས་པའི་ལོ་ཟླའི་ནང་དུ་ཟླ་བ་རེ་རེར་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་ཡོད་འདུག ངག་དབང་དཔལ་ལྡན་ལགས་ཀྱིས་ནི་སྤྱི་ལོ་༢༠༡༥ལོར་ཁྱིམ་ཚང་གི་ལས་འགུལ་འདིར་མཉམ་ཞུགས་བྱེད་མགོ་བཙུགས་ཡོད་པ་ཞིག་རེད་ལ། ཁོང་གིས་བརྗོད་ན་འདས་པའི་ལོ་ཤས་རིང་ལ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆེད་དུ་ཁྱིམ་ཚང་དེ་དག་གིས་ཁ་ཆར་བུ་ཡུག་སོགས་གང་ལ་ཡང་མ་འཛིན་པར་ཞུ་འབོད་ལས་འགུལ་མཇུག་སྐྱོང་བྱས་བཞིན་པ་དེས་རྐྱེན་གྱིས་ཡིད་འགུལ་ཐེབས་ཏེ་ད་ལོ་ནས་རང་ཉིད་ཀྱང་དངོས་སུ་ལས་འགུལ་དེར་མཉམ་ཞུགས་བྱས་པར་གསུངས་སོང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG