ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དྲུང་ཆེ་ཀྱེ་རི་ཡིས་ཨི་རཱན་་གྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་ཡོད་པ།།


ཨི་རཱན་གྱི་རྡུལ་ཕྲན་ལས་འཆར་ལ་དམ་བསྒྲཌ་བྱ་རྒྱུར་སྟོབས་ཆེན་རྒྱལ་ཁབ་ལྔ་དང་ཇར་མ་ནི་བཅས་དྲུག་གིས་ཨི་རཱན་དང་མཉམ་དུ་རེས་གཟའ་ཉི་མའི་ཉིན་ཚོགས་འཛོམས་གནང་གི་ཡོད་པའི་སྔོན་འགྲོའི་གྲ་སྒྲིཌ་ཀྱི་ཚུལ་དུ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཀྱེ་རི་ཡིས་ཁ་ས་སུད་སི་ཡི་་མགྲོན་ཁང་ཞིག་གི་ནང་སྔོན་འགྲོའི་བཀའ་གྲོས་ཞིག་གནང་འདུག དྲུང་ཆེ་ཀྱེ་རི་ཡིས་གསུངས་གསལ་ལ་ ཕྱོཌ་གཉིས་ཀྱིས་དེ་རིང་གཟའ་ཕུར་བུ་ནས་བཟུང་སྟེ་མུ་འཕྲོ་སྐྱོང་གི་བཀའ་གྲོས་དེ་ཚོའི་སྐོར་ལ་སྔོན་འགྲོའི་བཀའ་གྲོས་གནང་གི་ཡོད་པ་དང་། ཨ་མི་རི་ཀ་དང་། དབྱིན་ཡུལ། ཕ་རཱན་སི། རྒྱ་ནག ར་ཤི་ཡ་བཅས་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ལྔ་དང་ཇར་མ་ནི་བཅས་དྲུག་གིས་དགོས་འདུན་སྟོན་པ་ལྟར་བྱས་ན། རྒྱལ་ཚོགས་ཀྱིས་ཨི་རཱན་གྱི་ཐོག་བཙན་འགེལ་གནང་བའི་དཔལ་འབྱོར་གྱི་དམ་བསྒྲཌ་བཀག་སྡོམ་དེ་ཚོ་ཕྱིར་འཐེན་བྱེད་པར་དང་པོ་ཨི་རཱན་གྱིས་རྡུལ་ཕྲན་བཟོ་རྒྱུར་ཕན་ཐོགས་ཡོད་པའི་ལས་འཆར་གྱི་རིགས་ཕྱིར་བསྡུ་བྱ་རྒྱུའི་ཁས་ལེན་བྱེད་དགོས་ཀྱི་ཡོད་ཅིང་། ཨི་རཱན་གྱིས་རྡུལ་ཕྲན་གྱི་མཚོན་ཆ་བཟོ་རྒྱུར་ཉེ་བར་མཁོ་བའི་རྡུལ་ཕྲན་གྱི་རྫས་རྒྱུ་ཡུ་རེ་ནིཡམ་བཟོ་འདོན་བྱེད་པ་མཚམས་འཇོག་བྱེད་ཕྱོཌ་ཀྱི་ཐོག་ཞི་ནིང་ཕྱི་ལོ་༢༠༡༣གྱི་ཕྱི་ཟླ་༡༡པའི་ནང་མཐུན་གྲོས་ཤིག་བཞག་ཐུབ་ཡོད་རུང་། ཡིན་ན་ཡང་། ཕྱོཌ་གཉིས་ཀྱིས་གཞི་རྒྱ་ཆེ་བའི་མཐུན་གྲོས་ཤིག་བཞག་ཐུབ་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG