ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་གནས་སྐོར་པ།


ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་ཟིང་འཁྲུག་ཆེན་པོ་ལངས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཡུ་གུར་པ་ཁག་ཅིག་ལ་ཆོག་མཆན་སྤྲད་ནས་སཱོ་ཌི་ཨ་རེ་བི་ཡར་གནས་སྐོར་ལ་འགྲོ་ཐུབ་ཀྱི་ཡོད་པ་དང་། ཕྱི་ཟླ་དང་པོའི་ཚེས་༡༤་རྒྱ་ནག་གི་གཞུང་གཉེར་ཚགས་པར་ཁག་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་པ་ཁག་ཅིག་དང་ས་གནས་ཁག་གི་ཉེན་རྟོག་པའི་འགོ་ཁྲིད། གཞན་ཡང་དེ་མིན་གྱི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་རང་གི་གཉེན་ཚན་རྣམས་སཱོ་ཌི་ཨ་རེ་བི་ཡར་གནས་སྐོར་ལ་འགྲོ་མཁན་གྲས་སུ་བསལ་གདམ་བྱས་པའམ། ཡང་ན་ཁོང་ཚོས་མི་མང་གི་ལག་ནས་དངུལ་སྒོར་བླངས་ཏེ་སཱོ་ཌི་ཨ་རེ་བི་ཡར་གནས་སྐོར་ལ་འགྲོ་མཁན་གྲས་སུ་བཅུག་ནས་ཁྲིམས་འགལ་བྱས་པའི་གནས་ཚུལ་བྱུང་ཡོད། ཁོང་ཚོ་མང་ཆེ་བ་ཀིར་ཀི་སི་ཐན་གྱི་ས་མཚམས་སུ་ཡོད་པའི་ཁི་ཟིལ་སཱུས་ཁུལ་ནས་ཡིན་པ་དང་། ས་ཁུལ་དེའི་གཞུང་འབྲེལ་མི་སྣ་ཚོས་རང་གི་གོ་གནས་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་ནས་ལས་འགན་འཐུས་ཤོར་སོང་ཡོད་པས། ད་ལྟ་ས་ཁུལ་དེའི་གཞུང་འབྲེལ་མི་སྣ་མི་ཁག་རང་གི་གོ་ས་ནས་གནས་དབྱུང་བཏང་སྟེ་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་ཡིན། ཏང་གི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱེད་མཁན་དེ་ཚོར་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG