ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁམ་བྷོ་ཌི་ཡ་ནང་དམངས་གཙོ་དར་སྤེལ་གཏོང་རྒྱུ་གལ་ཆེ་ཡིན་པ་མཐོང་གི་ཡོད་པ།


ཕྱི་ལོ་༡༩༨༥ལོའི་ཕྱི་ཟླ་དང་པོའི་ཚེས་༡༤ཉིན། ཧུན་སན་གྱིས་ ཁམ་བྷོ་ ཌི་ཡའི་རྒྱལ་ཁབ་ཀྱི་སྲིད་བློན་གྱི་འགན་འཁུར་བླངས་ཏེ། ཕྱི་ལོ་༢༠༡༥ལོ་འདིའི་ ཕྱི་ཟླ་དང་པོའི་ཚེས་༡༤ཉིན་ལོ་༣༠ཐམ་པ་ཏག་ཏག་འཁོར་གྱི་ཡོད་པ་དང་། ཧུན་སན་གྱིས། ཁམ་བྷོ་ཌི་ཡའི་སྲིད་གཞུང་སྐྱོང་པའི་ལོ་ངོ་སུམ་ཅུའི་རིང་དེར་ རང་གི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་རྒྱུའི་ཆེད་དུ། དྲག་ཟིང་དང་གདུག་རྩུབ་ ཆེ་བའི་ཆབ་སྲིད་ཀྱི་ལམ་ལུགས་བེད་སྤྱོད་བཏང་ཡོད་པར་བརྟེན། ཤུགས་རྐྱེན་ ཆེ་བའི་སྲིད་གཞུང་ཁག་དང་། དཔལ་འབྱོར་གྱི་རོགས་རམ་བྱེད་མཁན་རྣམས་ ཀྱིས། ཁམ་བྷོ་ཌི་ཡའི་ནང་དམངས་གཙོའི་ལམ་ལུགས་ཡོང་ཐབས་དང་། འགྲོ་ བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོང་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་གལ་ཆེ་ཆགས་ ཡོད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རེས་གཟའ་མིག་དམར་གྱི་ ཉིན་འདོན་སྤེལ་བྱས་པའི་སྙན་ཐོ་ཞིག་གི་ནང་བརྗོད་ཡོད་པ་རེད།

XS
SM
MD
LG