ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྷ་རན་སེ་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་ཕྱི་སྲིད་དྲུང་ཆེ་ཡུལ་དེར་ཕེབས་རྒྱུ།


ཕྷ་རན་སེ་ལ་འཇིགས་བསྐུལ་རིང་ལུགས་པས་རྒོལ་བརྡུང་བཏང་བའི་ཚབས་ཆེའི་དོན་རྐྱེན་རིམ་པ་ཞིག་བྱུང་བར། ཨ་མི་རི་ཀས་གདུང་སེམས་མཉམ་སྐྱེད་བྱེད་པའི་རྣམ་པ་མཚོན་པའི་ཆེད་དུ། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀཱེ་རི། གཟའ་འཁོར་འདིའི་མཇུག་ཙམ་ལ་ཡུལ་དེར་ཕེབས་རྒྱུའི་འཆར་གཞི་ཡོད་ཅེས། གཟའ་ཟླ་བའི་ཉིན། གསལ་བསྒྲགས་གནང་ཡོད་པ་རེད། ད་རེས་ཕྷ་རན་སེ་ལ་དཀའ་ངལ་ཆེ་བའི་དུས་སྐབས་འདིར། འཛམ་གླིང་གི་རྒྱལ་ཁབ་བཞི་བཅུ་སྐོར་ཞིག་གི་དབུ་ཁྲིད་དང་མང་ཚོགས་ས་ཡ་མང་པོ། རེས་གཟའ་ཉི་མའི་ཉིན། ཡུལ་དེའི་རྒྱལ་ས་པཱེ་རིས་ནང་འདུ་འཛོམས་བྱས་ཏེ། འཇིགས་བསྐུལ་རིང་ལུགས་ལ་ངོ་རྒོལ་དང་། འཇིགས་བསྐུལ་རིང་ལུགས་ཀྱི་རྒོལ་བརྡུང་ཕོག་པའི་ཕྷ་རན་སེ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་པའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཧ་ཅང་ཆེན་པོ་ཞིག་བྱས་ཡོད་པ་དེའི་ནང་། ཨ་མི་རི་ཀའི་གཞུང་ཚབ་མ་གཏོགས་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཕེབས་མེད་པ་དེར། ཕྱོགས་མང་པོ་ཞིག་གིས་སྐྱོན་བརྗོད་བྱས་པའི་རྗེས། སྐུ་ཞབས་ཀཱེ་རི་ཡིས་རྒྱ་གར་ནང་འཚམས་འདྲི་གནང་བཞིན་པའི་སྐབས་གོང་གི་གསལ་བསྒྲགས་དེ་གནང་བ་ཞིག་ཡིན་པ་རེད།།

XS
SM
MD
LG