ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་ཉེན་རྟོག་པས་ཤིས་འཇང་ནང་མི་དྲུག་མེ་མདའ་བརྒྱབས་ཏེ་བསད་པ།


ཤིང་ཅང་ནང་རྒྱ་ནག་གི་ཉེན་རྟོག་པས་མི་དྲུག་ལ་མེ་མདའ་བརྒྱབས་ནས་བསད་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་ནི་མི་དེ་རྣམས་ཀྱིས་འབར་རྫས་འགས་གཏོར་བྱེད་རྒྱུའི་འབད་བརྩོན་བྱས་པ་ལ་བརྟེན་ནས་ཉེན་རྟོག་པས་བསད་པ་རེད་ཅེས་རྗོད་ཀྱི་ཡོད་པ་རེད། འོན་ཀྱང་ཝེས་གར་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་ཞིག་གིས་ རྒྱ་ནག་གཞུང་གིས་ས་གནས་དེར་ཚད་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་དེ་ལ་དག་འབུད་བྱ་རྒྱུའི་ཆེད་དུ་འབར་རྫས་ཟེར་བར་ཁ་གཡོགས་ཐབས་བྱས་པ་ཤིག་ཡིན་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG