ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇྭར་མེ་ནི་ཡི་གསར་ཁང་ཞིག་ལ་མེ་མདེལ་གྱི་འབར་རྫས་དབྱུཊ་ཏེ་དྲག་རྒོལ་བྱས་ཡོད་པ།


ཕྷ་རན་སེའི་ཟུར་ཟའི་སྙན་རྩོམ་གསར་འགྱུར་ལས་ཁང་ཆྭར་ལིས་ཧྭེབ་རྡོ་ ཡིས། ཁ་ཆེ་སྟོན་པ་མྭོཧམ་མཌ་ལ་ཟུར་ཟའི་རི་མོ་བྲིས་པ་རྣམས་བསྐྱར་དུ་འདོན་ སྤེལ་བྱེད་མཁན་ཇྭར་མེ་ནི་ཡི་གསར་འགྱུར་ལས་ཁང་ཞིག་ལ་ཕྱི་ཟླ་དང་པོའི་ ཚེས་ ༡༡ རེས་གཟའ་ཉི་མའི་ཉིན་མེ་མདེལ་གྱི་འབར་རྫས་དབྱུཊ་ཏེ་དྲག་རྒོལ་ བྱས་ཡོད་ལུགས་ཉེན་རྟོག་པས་རྗོད་ཀྱི་ཡོད་པ་རེད།

ཇྭར་མེ་ནི་ཡི་བྱང་ཕྱོགས་གྲུ་ཁའི་གྲོང་ཁྱེར་ ཧམ་སྦར་ནང་གི་ཉེན་རྟོག་པས་ བརྗོད་དོན་ལྟར་ན། ས་གནས་ཀྱི་ཉིན་རེའི་གསར་ཤོག་ཡི་དབུས་ལས་ཁང་གི་སར་མེ་མདེལ་གྱི་འབར་རྫས་དབྱུགས་ཏེདྲག་རྒོལ་བྱས་པར། མེ་སྐྱོན་གྱིས། ཁང་པ་ལ་གཏོར་སྐྱོན་ཕྲན་བུ་བྱུང་ཡོད་པ་ལས། མི་སུ་ལའང་གནོད་འཚེ་ཕོག་མེད་ཅིང་། ཉེན་རྟོག་པའི་མགྲིན་ཚབ་པ་ཞིག་གིས་ AFP གསར་འགྱུར་ལས་ཁང་ལ། རྡོ་དང་མེ་འབར་བཞིན་པའི་དངོས་རྗས་སྒེའུ་ཁུང་གི་ནང་དབྱུགས་ཏེ། ཁང་པའི་ཐོག་རྩེག་འོག་མའི་ཁང་མིག་གཉིས་ལ་མེ་སྐྱོན་ཕྲན་བུ་བྱུང་ཡོད་ཀྱང་། མེ་ལམ་སེང་གསོད་ཐུབ་པ་བྱུང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG