ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

མདོ་སྨད་ཀླུ་ཆུ་རྫོང་གི་སློབ་གྲྭའི་ཡིག་རྒྱུགས་དྲང་སྙོམས་མེད་པ།


མདོ་སྨད་ཀླུ་ཆུ་རྫོང་དུ་སློབ་ཕྲུག་གི་ཡིག་རྒྱུགས་གྲུབ་འབྲས་ལྐོག་ཚོང་བྱས་པའི་གནད་དོན་ཐད་ཀླུ་ཆུའི་རྫོང་སྲིད་གཞུང་གི་མདུན་དུ་སློབ་ཕྲུག་དང་ཕ་མ་བརྒྱ་ཕྲག་མང་པོས་ཉིན་ཤས་རིང་ཞིབ་འཇུག་ཞིབ་འཇུག་བྱ་དགོས་ཞེས་ཞུ་གཏུག་བྱས་ཡོད་ཅིང་། བོད་པ་སློབ་ཕྲུག་དང་ཕ་མ་ཚོས་ས་གནས་གྱི་དཔོན་རིགས་ཚོར་ཞུ་གཏུག་བྱས་པའི་བརྙན་འཕྲིན་ཞིག་ཡོངས་གྲགས་སུ་འགྲེམ་སྤེལ་བྱས་ཏེ། རྒྱུགས་འབྲས་ལེགས་པོ་ཐོན་པའི་སློབ་ཕྲུག་ཁག་གི་རྒྱུགས་ཤོག་རྣམས་མི་གཞན་ལ་ལྐོག་ཚོང་བྱས་ནས་ས་གནས་ལས་བྱེད་པ་ཁག་ཅིག་གིས་རྒྱ་སྒོར་ཁྲི་ཉི་བརྒྱ་ཙམ་ལྐོག་ཟ་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། སློབ་ཕྲུག་མང་པོའི་མ་འོངས་མདུན་ལམ་འཆོར་རྒྱུའི་ཉེན་ཁ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG