ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧུ་ཅིན་ཐའོ་འོག་ཏུ་ལས་ཀ་བྱེད་མཁན་ཞིག་ད་ལྟའི་གཞུང་གི་བློན་ཆེན་རིམ་པའི་ལས་གནས་ལ་གནས་སྤར།


རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཡི་ཐབས་བྱུས་འདྲི་ཡུལ་ཞིག་ ད་ལྟའི་གཞུང་གི་བློན་ཆེན་རིམ་པའི་ལས་གནས་ལ་གནས་སྤར་བྱས་ཡོད་པ་དང་ འདི་ནི་ ཧུ་ཅིན་ཐའོའི་ཐབས་བྱུས་འདྲི་ཡུལ་གཞན་ཞིག་ལ་ལྐོག་ཟ་རུལ་སུངས་ཡིན་པའི་སྐྱོན་འཛུགས་བྱས་ཏེ་ད་ལྟ་ཞིབ་དཔྱོད་བྱེད་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཀྱང་ཡིན་པ་རེད་ ལོ་ན་༥༡ལ་སོན་པ་བྲན་ ཤཱི་ཇཱུ་ རྒྱ་ནག་གཞུང་གི་ལས་དོན་ཚན་པ་ཞིག་གི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད་པ་དང་ བསམ་པའི་དཔལ་ཡོན་དར་སྤེལ་ལས་ཁང་ཞེས་པ་དེ་ནི་ རྒྱ་ནག་དམར་ཤོག་ཚོགས་པས་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུ་ཟེར་བའི་ལས་དོན་གྱི་འགན་འཁུར་རྐང་ལེན་མཁན་ཞིག་ཡིན་ལུགས་ རྒྱ་ནག་གཞུང་གཉེར་མི་དམངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་ཡོད་པ་རེད་ ཁོང་གཞུང་གི་བློན་ཆེན་རིམ་པའི་ལས་གནས་ལ་གནས་སྤར་བྱས་པ་འདི་ནི་ སྲིད་འཛིན་ཞཱི་ཅིང་ཕིང་གིས་ཧུ་ཅིན་ཐའོ་ཡི་ལས་རོགས་གཞན་ཅིག་ལ་ལྐོག་ཟའི་ཉེས་འཛུགས་བྱས་ཏེ་ཞིབ་དཔྱོད་བྱེད་འགོ་བཙུགས་པར་བརྟེན་ དམར་ཤོག་ཚོགས་པའི་ནང་ལ་མི་མཐུན་པའི་འགལ་ཟླ་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་སྔོན་འགོག་བྱ་རྒྱུའི་ཆེད་དུ་བྱས་པ་ཞིག་ཡིན་པ་ཆབ་སྲིད་དཔྱད་གཏམ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG