ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སློབ་ཕྲུག་གི་འགོ་ཁྲིད་ཝྭོང་གིས་ཁྲིམས་ཁང་གི་ནང་དུ་ཧོང་ཀོང་གི་འགོ་ཁྲིད་རྣམས་ལ་སྐྱོན་བརྗོད་བྱས་ཡོད་པ།


ཧོང་ཀོང་གྲོང་ཁྱེར་གྱི་ཆ་ཤས་ས་ཁུལ་ཞིག་ཏུ་ཟླ་བ་མང་པོའི་རིང་རྒྱུན་ ལྡན་གྱི་ལས་དོན་བྱ་ཕྱོགས་སུ་འགོག་རྐྱེན་འཕྲད་པའི་དོན་རྐྱེན་དུ་གྱུར་པའི་མང་ཚོགས་ཀྱི་དམངས་གཙོའི་ལས་འགུལ་དང་འབྲེལ་བ་ཡོད་པའི་སློབ་ཕྲུག་གི་འགོ་ཁྲིད་རྣམས། རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་ཁྲིམས་ཁང་ཞིག་ཏུ་འབོད འགུགས་བྱེད་པའི་སྐབས་སུ། རང་ལོ་ ༡༨ སོན་པའི་ཧོང་ཀོང་གི་དམངས་གཙོའི་ ལས་འགུལ་གྱི་འགོ་ཁྲིད་ཇཽཤཝ་་ཝྭོང་གིས་གཞུང་འབྲེལ་མི་སྣ་རྣམས་ལ་སྐྱོན་ བརྗོད་དྲག་པོ་བྱས་ཡོད་འདུག ཇཽཤཝ་ཝྭོང་ནི། ཉེ་སྔོན་ཕྱི་ཟླ་༡༡པའི་ནང་ངོ་རྒོལ་བྱ་ཡུལ་གྱི་ས་ཁུལ་གཙོ་བོ་ཞིག་ ཉེན་རྟོག་པས་གཙང་མ་བཟོ་ཐབས་བྱེད་པའི་སྐབས་སུ་འགོག་རྐྱེན་བཟོས་པ་དེ་ཁྲིམས་འགལ་ཡིན་པའི་ནག་ཉེས་སྐྱོན་འཛུགས་བྱེད་ཐུབ་རྒྱུའི་ཆེད་དུ། ཧོང་ཀོང་ གི་ཆེས་མཐོའི་ཁྲིམས་ཁང་གིས། སྔོན་འགྲོའི་ཁྲིམས་ཞིབ་བྱ་ཡུལ་དམངས་ གཙོ་དོན་གཉེར་བ་༢༩ ཡོད་པའི་ཁོངས་ནས་གཅིག་ཆགས་ཀྱི་ཡོད་པ་རེད།

XS
SM
MD
LG