ངོ་འཕྲད་བདེ་བའི་དྲ་འབྲེལ།

བཀའ་བརྒྱུད་སྨོན་ལམ་ཐེངས་༣༢་པ་དེ་མཇུག་བསྒྲིལ་གནང་ཡོད་པ།


བཀའ་བརྒྱུད་སྨོན་ལམ།(Photo/ kagyumonlam.org)

གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་བླ་ཆེན་ཁག་གིས་གསུང་ཆོས་བརྩལ་གནང་ཡོད་པ་དང་། དེ་རྗེས་ཕྱི་ཚེས་༢༩ ནས་དང་པོའི་ཚེས་༤ བར་སྨོན་ལམ་དངོས་གཞིའི་སྐབས་སུ་ཡུལ་ལ་འགེགས་དང་བར་ཆད། ནད་ཡེམས་སོགས་བཟློག་རྒྱུའི་སླད་ དགེ་འདུན་རྣམས་པས་བཀའ་འགྱུར་གྱི་ཆོས་སྐོར་ལ་ཕེབས་ཡོད་པ་མ་ཟད། དེ་སྔ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་ཞལ་སློབ་པ་ཚོའི་སྐུ་ཚེའི་མྱོང་བའི་ཚུལ་དུ་དགེ་འདུན་པ་ཞལ་གྲངས་ལྔ་བརྒྱ་སྐོར་ཞིག་གིས་ཕྱག་ཏུ་ལྷུང་བཟོད་བསྣམས་ཏེ་གསོལ་སྙོམས་ལ་ཕེབས་པའི་སྐབས་མི་མང་གིས་གསོལ་སྙོམས་འབུལ་རྒྱུའི་གོ་སྐབས་ཡང་བྱུང་ཡོད་འདུག ཉིན་མཐའ་མ་དེར་མར་མེའི་སྨོན་ལམ་ཞིག་འདུ་བསྐོང་གནང་བའི་ཐོག་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༢ པ་དེ་མཇུག་བསྒྲིལ་གནང་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG