ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་གྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་རྙོག་གླེང་།


ཉེ་ཆར་ཕྱི་ལོ་གསར་ཚེས་ཀྱི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་ནང་རྟེན་གཞི་བྱས་པ་ཐེ་ཝན་སྐུ་ཚབ་ཀྱི་བཞུགས་གནས་སུ་དེར་ཐེ་ཝན་གྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་སྐོར་ཨ་རིའི་སྲིད་གཞུང་གིས་སྔོན་ནས་ཤེས་རྟོགས་མེད་གསུངས་ཡོད་འདུག དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལས་ཁང་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། ཨ་མི་རི་ཀས་མ་འོངས་པར་གནས་ཚུལ་དེ་རིགས་བསྐྱར་དུ་མི་ཡོང་བ་ བྱ་དགོས་པའི་ནན་སྐུལ་བྱས་ཡོད་འདུག ཨ་རིའི་རྒྱལ་སའི་ནང་ཐེ་སྦན་གྱི་རྒྱལ་དར་སྒྲེང་འཛུགས་བྱེད་པའི་གནས་སྟངས་འདི་ནི་དེ་སྔ་ཕྱི་ལོ་༡༩༧༩ལོར། ཨ་མི་རི་ཀས་ཐེ་ཝན་གྱི་མཚོ་གླིང་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱས་ཏེ་མི་ལོ་༣༦ཕྱིན་པའི་རྗེས་སུ་ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་བ་བཟང་དུ་འགྲོ་བའི་གནས་སྟངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལུགས་ཐེ་ཝན་གྱི་ཉིན་རེའི་གསར་ཤོག་ཅིག་ནང་བཀོད་ཡོད་པ་བཅས་ཀྱི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG