ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་གི་སྲིད་བློན་གྱིས་དམག་དུས་ཀྱི་བྱས་ཉེས་ཐད་བློ་འགྱོད་ཡོད་ལུགས་བརྗོད་པའི་ཡིག་ཆ་ཞིག


ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཤིན་འཛོ་ ཨཱ་བྷེ་ཡིས། དེ་སྔ་དམག་དུས་སུ་ཉི་ཧོང་གིས་བཙན་རྒོལ་བྱས་པར་བློ་འགྱོད་ཡོད་ལུགས་འགྲེལ་བརྗོད་བྱེད་པའི་སྤྱི་བསྒྲགས་གསར་པ་ཞིག ལོ་འདིའི་ནང་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ཡིན་ཞེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་ཡོད་ཅིང་། དེ་ཉིན་ཁོང་དང་ཕྱག་འབྲེལ་བློན་ཆེན་རྣམ་པ་ལོ་འཁོར་རྒྱུན་སྲོལ་ལྟར། ཡུལ་དེའི་ནུབ་ཕྱོགས་སུ་ཡོད་པའི་རྩ་ཆེའི་གདུང་རྟེན་ཞིག་མཇལ་བར་ཕེབས་པའི་རྗེས་སུ། ཁོང་གིས་སྤྱི་ལོ་གསར་པའི་ནང་གསར་འགོད་ལྷན་ཚོགས་གནང་ཐེངས་དང་པོ་དེ་གནང་སྟེ། དེའི་ཐོག་གོང་གི་གསལ་བསྒྲགས་དེ་གནང་བ་ཞིག་ཡིན་པ་རེད། སྐུ་ཞབས་ཨཱ་བྷེ་ཡི་སྤྱི་བསྒྲགས་དེ་བཞིན། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ཏེ་ལོ་ངོ་བདུན་ཅུ་ཐམ་པ་འཁོར་བའི་དུས་དྲན་གྱི་སྐབས་ཏེ། སྤྱི་ཟླ་བརྒྱད་པའི་ནང་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་། དེ་སྔ་༡༩༩༥ལོར། སྐབས་དེའི་ཉི་ཧོང་གི་སྲིད་བློན་མུ་རཱ་ཡཱ་མཱ་ཡིས། ཡུལ་དེའི་དམག་ཐོག་གི་བྱས་ཉེས་ཐད་བློ་འགྱོད་ལུགས་འགྲེལ་བརྗོད་བྱས་ཏེ། དགོངས་སེལ་ཞུས་ཡོད་པ་དེ་བཞིན་འཁོད་རྒྱུ་ཡིན་ལུགས་གསུངས་ཡོད་འདུག

XS
SM
MD
LG