ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནན་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་ཞིབ་འཇུག


རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དབྱང་ཝེ་ཙེ་ལ་ལྐོག་ཟ་བྱས་པའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་ཡུལ་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་གྱུར་ཡོད་པ་སྟེ། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་ཀྲང་ཁུན་ཧྲེང་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག དེ་ཡང་ཕྱི་ཟླ་དང་པོའི་ཚེས་༥་ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། ནན་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དབྱང་ཝེ་ཙེ་ཡིས་ཏང་གི་སྒྲིག་ཁྲིམས་ལ་འགལ་འཛོལ་ཚབས་ཆེན་བྱས་ཡོད་པ་དང་། ཏང་གི་སྒྲིག་ཁྲིམས་ལ་འགལ་འཛོལ་ཟེར་པ་དེ་ལྐོག་ཟ་དང་ཁྲིམས་འགལ། རྒྱལ་ཁབ་ཀྱི་དངུལ་སྒོར་སྒེར་དོན་ལ་འགྲོ་གྲོན་བཏང་བ་བཅས་ལ་གོ་དགོས་ཤིང་། ཕྱི་ལོ་༢༠༡༡་ལོར་རང་ལོ་༥༢་ལ་སོན་པའི་དབྱང་ཝེ་ཙེ་ནན་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་དྲུང་ཆེར་བསྐོ་བཞག་བྱས་པ་མ་ཟད། ཁོང་ཅང་སུའུ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་རྒྱུན་ལས་འཐུས་མིའི་གྲས་སུ་ཡོད་པ་དང་། དབྱང་ཝེ་ཙེ་ནན་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་མ་བྱས་གོང་དུ་རྒྱ་ནག་གི་ཝུ་ཤི་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་སུའུ་ཀྲུག་གྲོང་ཁྱེར་གྱི་སྤྱི་ཁྱབ། ཅང་སུའུ་ཞིང་ཆེན་གྱི་སྐྱེལ་འདྲེན་ལས་ཁང་བཅས་སུ་གོ་སྣ་མང་ཞིག་ཁུར་མྱོང་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG