ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་འཕྲོ་སྐྱོང་ཐུབ་པའི་རེ་བ།


བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཚོ་ལྷག་བསམ་རྣམ་དག་ཡིན་པ་དང་། ཁོང་ཚོར་ངོ་མ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད་ན་ལྷོ་བྱང་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་རིམ་པའི་གྲོས་མོལ་འཕྲོ་སྐྱོང་བྱ་ཆོག ང་ཚོ་ཕྱོགས་གཉིས་ཀར་གྲོས་མོལ་འཕྲོ་སྐྱོང་ཐུབ་པའི་ཁོར་ཡུག་དང་ཆ་རྐྱེན་འཛོམ་ན་ང་ཚོས་མཐོ་རིམ་འགོ་ཁྲིད་རིམ་པའི་གྲོས་མོལ་མི་བྱ་བའི་རྒྱུ་མཚན་མེད་ཅེས་ཕྱི་ལོ་གསར་པའི་ལོ་སར་གྱི་འཚམས་འདྲིའི་སྐབས་སུ་གཏམ་བཤད་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༡་ལོར་ཀིམ་ཇུང་ཨུན་གྱི་ཕ། ཀིམ་ཇུང་ཨིལ་འདས་གྲོངས་སུ་གྱུར་ནས་བཟུང་། ད་ཐེངས་ཀྱི་ཕྱི་ལོ་གསར་པའི་གཏམ་བཤད་དེ་ཀིམ་ཇུང་ཨུན་གྱིས་གཏམ་བཤད་ཆེ་ཁག་བྱས་པ་ཐེངས་གསུམ་པ་དེ་ཡིན་པ་དང་། ཀིམ་ཇུང་ཨུན་གྱི་ཕྱི་ལོ་གསར་པའི་གཏམ་བཤད་དེ་སྔོན་ནས་སྒྲ་སྐད་ཕབ་ལེན་བྱས་པ་ཞིག་ཡིན་པ་ལས། ཁོང་གིས་ཐད་ཀར་བརྙན་འཕྲིན་ནང་དུ་བཤད་པའི་གཏམ་བཤད་ཅིག་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG