རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྐུ་ཚབ་ཚོགས་པ་ཞིག་གིས་རྒྱ་གར་དབུས་གཞུང་ལ་ཐོངས་མཆན་ཝི་སའི་གནད་དོན་ཐད་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ལ་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ དེ་ཡང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་གནས་སྡོད་བྱེད་མཁན་རྒྱ་གར་གྱི་མི་་སེར་རྣམས་རྒྱ་ནག་ལ་བསྐྱོད་པའི་སྐབས་རྒྱ་ནག་གིས་སྤྱིར་སྟངས་ཀྱི་ཐོངས་མཆན་ཝི་ས་མ་སྤྲད་པར་ མངའ་སྡེ་དེ་རྒྱ་གར་གྱི་ཁོངས་གཏོགས་མིན་པའི་རྣམ་པ་བསྟན་རྒྱུར་ཟུར་སྦྱར་ཤོག་ལེ་ཞིག་གི་ཐོག་ཐོངས་མཆན་ཝི་ས་སྤྲོད་ཀྱི་ཡོད་པ་རེད།