ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀས་ཧོང་ཀོང་གི་འགོ་ཁྲིད་ཚོར་བསྔགས་བརྗོད་བྱས་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་འཐུས་མི་ཚོས་ཐག་གཅོད་བྱས་པ་ལྟར་ཧོང་ཀོང་ལ་ས་གནས་དེའི་གཞི་རྩའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་མཐུན་པའི་ཆབ་སྲིད་སྒྱུར་བཅོས་གཏོང་དགོས། རྒྱ་ནག་དབུས་གཞུང་གིས་བློ་སེམས་འགྱུར་བ་མེད་པར་ཧོང་ཀོང་ས་གནས་གཞུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་དང་མི་མང་གི་འཚོ་བ་ཡར་རྒྱས་བཏང་ཡོད། ངས་ནན་བརྗོད་བྱ་དགོས་པ་ཞིག་ལ་ང་ཚོས་ཆབ་སྲིད་ཀྱི་སྒྱུར་བཅོས་གཏོང་དགོས་ཚེ། ས་གནས་དེའི་ཁྱད་ཆོས་ལ་མཐུན་པ་དང་སྒྲིག་འཛུགས་ལྡན་པ། བཅའ་ཁྲིམས་ལ་མཐུན་པ་དང་མི་མང་གི་འཚོ་བ་ཡར་རྒྱས་གཏོང་བའི་མཐུན་རྐྱེན་ལ་འགྱུར་བའི་སྒྱུར་བཅོས་ཤིག་གཏོང་དགོས་ཞེས་ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུན་དབྱིང་ལ་གླེང་མོལ་བྱས་ཡོད་པ་རེད།

XS
SM
MD
LG