ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་ཉེན་རྟོག་པས་མང་གཙོ་དོན་གཉེར་ཅན་ངོ་རྒོལ་བ་འགའ་ཤས་འཇུ་བཟུང་བྱས་ཡོད་པ།


ཧོང་ཀོང་ས་གནས་ཀྱི་ཉེན་རྟོག་པས་མང་གཙོའི་དགོས་འདུན་འདོན་མཁན་མི་མང་ངོ་རྒོལ་བ་གང་ཙམ་ཞིག་དོ་དམ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང། དེ་ཡང་། ཧོང་ཀོང་ས་གནས་ཀྱི་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་ཡུལ་གྱི་ས་ཚིགས་ཁག་བདེ་འཇགས་ཉེན་རྟོག་པས་གཙང་སེལ་བྱས་ཏེ་གཟའ་འཁོར་ཅིག་སོང་བའི་རྗེས། གོང་ཞུས་དོན་རྐྱེན་དེ་མང་གཙོ་དོན་གཉེར་བ་ཚོ་དང་བདེ་འཇགས་ཉེན་རྟོག་པ་གདོང་ཐུག་ཟང་ཟིང་བྱུང་བ་ཐེངས་དང་པོ་ཆགས་ཡོད་ཅིང། ཧོང་ཀོང་ས་གནས་ཀྱི་ཉེན་རྟོག་པས་བརྗོད་དོན་ལྟར་ན། མི་མང་ངོ་རྒོལ་བ་དང་བདེ་འཇགས་ཉེན་རྟོག་པ་འཁྲུག་འཛིངས་བྱུང་སྟེ་ངོ་རྒོལ་བ་བཅུ་ཕྲག་འགའ་ཤས་འཇུ་བཟུང་བྱས་ཡོད་པ་རེད། ཡི་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་རོལ་ཏེ། ཕྱི་ཚེས་༢༤ དགོང་དྲོ་མི་མང་ངོ་རྒོལ་བ་བརྒྱ་ཕྲག་འགའ་ཤས་ཀྱིས་ མི་ཚོགས་ཆེ་བའི་མོན་གོག་གྲོང་བརྡལ་གྱི་གཞུང་ལམ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ ས་གནས་ཀྱི་ཉེན་རྟོག་པས་ངོ་རྒོལ་བའི་ཁྲོད་མཆི་བྱིན་དུག་རྫས་གཏོར་བ་དང་བེར་རྒྱུག་བཞུས་པ་སོགས་བྱས་ཏེ་ངོ་རྒོལ་བ་ཚོ་ཁ་འཐོར་གཏོང་ཐབས་བྱས་ཡོད་ཅིང་། ངོ་རྒོལ་བས་གཞུང་ལམ་བཀག་ཐབས་བྱས་ཡོད་པ་དང་ཟང་ཟིང་སློང་ཐབས་བྱས་ཡོད་ལུགས་ བདེ་འཇགས་མི་སྣས་གསལ་བསྒྲགས་སྤེལ་བའི་ནང་གསལ་ཡོད་འདུག སྐབས་དེར་བདེ་འཇགས་མི་སྣས་ལོ་ན་༡༣ ནས་༤༣ བར་སོན་པའི་སྐྱེས་པ་བཅུ་དང་བུད་མེད་གཉིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG