ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཞིས་ཅིན་ཕིང་དང་རྒྱ་ནག་གི་ལྐོག་ཟ་ཐེར་འདོན།


རྒྱ་ནག་གི་ལེའོ་ནིང་ཞིང་ཆེན་གྱི་གཙོ་འཛིན་ཁྲེན་ཀྲེང་གའོ་དབུས་དམར་ཤོག་ཚོགས་པའི་ཚོགས་མི་དང་དབང་ཐང་ཅན་གྱི་རྒྱ་ནག་གི་སྲིད་དོན་པ་ཞིག་ཡིན་རུང་། ཁྲེན་ཀྲེང་གའོ་ལ་མི་དགའ་བའི་དགྲ་ཡང་མང་པོ་ཞིག་ཡོད་ཅིང་། སྔ་ལོ་ཁྲེན་ཀྲེང་གའོ་ཡིས་ལེའོ་ནིང་ཞིང་ཆེན་གྱི་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་ཁྲིད་ནས་ཧོང་ཀོང་ལ་སོང་སྟེ། ཁོང་གིས་ཧོང་ཀོང་གི་འབྱོར་ལྡན་པ་ཚོར་ལེའོ་ནིང་ཞིང་ཆེན་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དགོས་ཞེས་འགུགས་ཐབས་བྱས་མོད། ཡིན་ནའང་ཁྲེན་ཀྲེང་གའོ་ལ་མི་དགའ་བའི་རྒྱ་ནག་སྐམ་ས་ཆེན་མོའི་ཚོང་པ་ཞིག་གིས་ལྐོག་ཏུ་པར་པ་ཞིག་གླས་ཏེ། ཁོང་གིས་པར་པ་དེར་ཁྲེན་ཀྲེང་གའོ་ཧོང་ཀོང་གི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གང་དུ་བསྡད་ཡོད་མེད་དང་། ཁྲེན་ཀྲིང་གའོ་ཡིས་ཨ་སྒོར་ཁྲི་ཚོ་གཅིག་ཙམ་འགྲོ་གྲོན་བཏང་ནས་མི་༣༠་ཐམ་པར་གསོལ་སྟོན་རྒྱས་གཤོམ་བྱས་པ། གསོལ་སྟོན་དེར་མི་སུ་སུ་ཕེབས་ཡོད་མེད་ཀྱི་མིང་བྱང་དང་། ཁོང་ཚོས་ཟས་རིགས་ཅི་ཞིག་མངག་ཉོ་བྱས་ཡོད་མེད། ཁྲེན་ཀྲེང་གའོ་ཧོང་ཀོང་ལ་ཐེངས་ཅི་ཙམ་ཕེབས་ཡོད་པ་རྣམས་གློག་བརྙན་བརྒྱབ་སྟེ། རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་གཞུང་དོན་ལ་ཁ་གཡར་ནས་ལྐོག་ཟ་བྱས་པའམ། ཡང་ན་ཁོང་ཚོས་སྤྲོ་སྐྱིད་གཏོང་བར་གཞུང་གི་དངུལ་སྒོར་འགྲོ་གྲོན་ཕངས་མེད་གཏོང་གི་ཡོད་པ་ཐེར་བྱེད་པ་དང་། ད་ལྟ་རྒྱ་ནག་སྐམ་ས་ཆེན་མོའི་ཚོང་པ་དེས་ཁྲེན་ཀྲེང་གའོ་ཧོང་ཀོང་ལ་ཕེབས་པའི་གློག་བརྙན་དེ་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་སོགས་ལ་འགྲེམ་སྤེལ་བྱས་ཡོད་པ་རེད།

XS
SM
MD
LG