ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡེ་ཤུའི་བླ་ཆེན་མཆོག་གིས་བྷའ་ཏེ་ཁན་གྱི་འཛིན་སྐྱོང་མི་སྣའི་དཔོན་ངན་རིང་ལུགས་ཀྱི་ལམ་ལུགས་ལ་སྐྱོན་བརྗོད།


ཡེ་ཤུའི་བླ་ཆེན་མཆོག་གིས། རེས་གཟའ་ཟླ་བའི་ཉིན་ཁོང་ལ་ཞབས་ཞུ་སྒྲུབ་མཁན་གདན་ས་བྷའ་ཏེ་ཁན་ གྱི་མི་སྣའི་ཁོངས་ནས་དཔོན་ངན་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་མཁན་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་པ་དང་འབྲེལ། མི་འགའ་ཞིག་གིས་དབང་ཆ་འཐོབ་ཐབས་སུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུཊ་བྱས་ཏེ། མིང་དོན་མི་མཚུངས་པའི་ཚུལ་འཆོས་ཀྱི་མི་ཚེ་བསྐྱལ་ནས། ནང་སེམས་ཆོས་ཕྱོགས་དང་འབྲེལ་བའི་དབང་རྩའི་ནུས་སྟོབས་བྲིད་ནས་དྲན་ཤེས་ཉམས་པ་ལྟ་བུའི་དཀའ་རྙོག་འཕྲད་དེ། ཁོང་རྣམས་དགའ་སྤྲོ་ལྡན་པའི་དཀོན་མཆོག་གི་བཀའ་བཞིན་ལས་དོན་སྒྲུབ་མཁན་གྱི་མི་སྣ་ཡིན་དགོས་པ་དེ་བརྗེད་འགྲོ་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

Cardinals ཞེས་ཡེ་ཤུའི་ཀེ་ཐོ་ལིག་སྤྱི་ཡོངས་ཀྱི་མཐོ་རིམ་ལྷན་ཚོགས་ཀྱི་མི་ སྣ་གཙོ་ཆེ་ཁག་དང་། རྫོང་སྡེ་རིམ་པའི་ཡེ་ཤུའི་ཆོས་སྡེའི་སྤྱི་ཁྱབ་མཁན་པོའམ་ བི་ཤོབ་རྣམས་དང། ཡེ་ཤུའི་ཆོས་འཆད་བླ་མ་བཅས་ལ། ཡེ་ཤུའི་བླ་ཆེན་མཆོག་ གིས། སྟོན་པ་མ་ཤི་ཀའི་སྐུའི་འཁྲུངས་ཚེས་ཀྱི་དུས་སྟོན་སྐབས་སུ། དགའ་སྤྲོའི་ འཚམས་འདྲི་ཞུ་སྒོ་ཁག་སྤྲོ་སེམས་འཁོལ་བ་ཞིག་བྱུང་མེད་པ་དང་།དེ་ལས་ ལྡོག་སྟེ། ཡེ་ཤུའི་བླ་ཆེན་མཆོག་གིས། ལོ་གསར་པ་འདིའི་ནང་སྡིག་ལས་ ༡༥ གཤག་སྡོམ་བྱ་ཆེད་ཀྱི་རེའུ་མིག་ཅིག་བཀོད་དེ། ཀེ་ཐོ་ལིག་ཆོས་སྡེ་ལྷན་ཚོགས་ ཀྱི་ནང་། ཚུལ་མིན་གྱི་བྱ་སྤྱོད་ཁག་ལ་གཤག་སྡོམ་ཚུལ་མཐུན་བྱེད་ཐུབ་པའི་རེ་བ་ བྱེད་ཀྱི་ཡོད་ཅེས་ཡེ་ཤུའི་བླ་ཆེན་མཆོག་གིས་གསུངས་ཡོད་འདུག

XS
SM
MD
LG