ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མེ་རི་ཀས་༢༠༢༤ ལོའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱེད་ཐུབ་པའི་འབད་བརྩོན།


ཨ་མེ་རི་ཀས་ ཕྱི་ལོ་༢༠༢༤ ལོའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་ བདག་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ནའང་། རྩེད་འགྲན་གྱི་མགྲོན་བདག་དེ། གྲོང་ཁྱེར་གང་གིས་བྱེད་དགོས་མིན་ཕྱི་ལོའི་འགོ་སྟོད་དུ་ཐག་གཅོད་བྱ་རྒྱུ་ཡིན་ ལུགས་ཨ་མེ་རི་ཀའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཆུང་གིས་རྗོད་ཀྱི་ཡོད་པ་ རེད། ཨ་མེ་རི་ཀའི་གྲོང་ཁྱེར་ཆེ་ཁག་ ལོ་སན་ཇོ་ལེ་སེ། ཝ་ཤིང་ཀྲོན། སྦོ་སེ་ཀྲོན། སན་ཕྷེན་སེ་སེ་ཀོ། བཅས་ཀྱིས། རེས་གཟའ་མིག་དམར་གྱི་ཉིན། ཨ་མེ་རི་ཀའི་ ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་སུ། ལོ་བཞི་ རེའི་མཚམས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་ འདུན་པ་ཡོད་པའི་མཐའ་མའི་ཐག་གཅོད་ཀྱི་སྙན་ཞུ་རེ་འབུལ་ལམ་ཞུས་ཡོད་ པ་དང་། ཨ་མེ་རི་ཀའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ ཀྱི་གཙོ་འཛིན་ ཡིས་བརྗོད་དོན་ལྟར་ན། ཨ་མེ་རི་ཀས། ཨོ་ལིམ་ པིཀ་རྩེད་འགྲན་གྱི་མགྲོན་བདག་བྱེད་ཐུབ་པའི་འབད་བརྩོན་ཆེ་བསྐྱེད་བྱ་རྒྱུར་ འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་བློ་རྩེ་མཐུན་བྱུང་ཡོད་པ་ ལྟར། མགྲོན་བདག་བྱེད་མཁན་ཨ་མེ་རི་ཀའི་གྲོང་ཁྱེར་གང་གིས་བྱེད་དགོས་ མིན་གྱི་ཐག་གཅོད་དེར། བསམ་བློ་གཏིང་ཟབ་བཏང་སྟེ། འཛམ་གླིང་གི་གྲོང་ ཁྱེར་གཞན་རྣམས་ལ་འགྲན་བསྡུར་བྱས་ཏེ། རྒྱལ་ཁ་འཐོབ་ཐུབ་ངེས་ཀྱི་ གྲོང་ཁྱེར་ཞིག་འདེམས་སྒྲུག་བྱ་རྒྱུ་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG