ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨུ་རུ་སུའི་དངུལ་ལོར་གྱི་ཛ་ཐང་ཆག་པ།


དེ་རིང་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ལོ་མཇུག་གི་གསར་འགོད་ལྷན་ཚོགས་སྐོང་སྟེ། ཁོང་གིས་ད་ལོ་གཅིག་པུར་ཨུ་རུ་སུའི་དངུལ་ལོར་གྱི་ཛ་ཐང་བརྒྱ་ཆ་༤༦་ཆག་ཡོད་ཅིང་། རྒྱལ་སྤྱིའི་ཁྲོམ་རའི་ནང་དུའང་རྡོ་སྣུམ་གྱི་རིན་གོང་ཆག་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པས། ད་ལྟ་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད། ཡིན་ནའང་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་འདི་གནས་སྐབས་ཀྱི་དཀའ་ངལ་ཞིག་ཡིན་པ་དང་། ང་ཚོའི་དངུལ་ལོར་གྱི་ཛ་དྲག་ཆག་པ་སླར་ཡང་འཕར་ངེས་ཡིན་ཞེས་གཏམ་བཤད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG