ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་གློག་བརྙན་ཞིག་ཕྱིར་འཐེན།


ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡས་དྲ་རྒྱའི་ཐོག་ལ་གསང་འཛུལ་དང་སྡིགས་སྐུལ་བྱས་པའི་རྐྱེན་གྱིས་སོ་ཎི་གློག་བརྙན་བཟོ་སྐྲུན་ཁང་གིས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་དངོས་སུ་སྟོན་འཆར་ཡོད་པའི་གློག་བརྙན་ཞིག་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་ཡོད་ཅིང་། གློག་བརྙན་དེ་ནི་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨུན་ལྐོག་གསོད་བྱ་རྩིས་བྱས་པའི་རྟོག་བཟོའི་གློག་བརྙན་ཞིག་ཡིན་རུང་། གློག་བརྙན་དེ་བཀག་འགོག་ཆེད་དུ་བྱང་ཀོ་རི་ཡས་དྲ་རྒྱའི་ཐོག་ལ་གསང་འཛུལ་གྱིས་གནས་ཚུལ་གཞན་པ་མང་པོ་རྐུ་འཁྱེར་བྱས་ཡོད་པ་ཁག་ཡོངས་གྲགས་བྱ་རྒྱུ་སོགས་ཀྱི་སྡིགས་སྐུལ་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG