ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་སློབ་ཕྲུག་ཚོས་མངའ་ཁུལ་དེའི་སྲིད་སྐྱོང་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ཟླ་བ་གཉིས་ལྷག་སོང་ཡོད་པ་དང་། ཉེ་ཆར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཀྱི་འགོ་ཁྲིད་ཚོས་ཁྲིམས་ཁང་གི་བཀའ་རྒྱ་དང་ས་གནས་གཞུང་གི་བཀོད་འདོམས་ལ་མགོ་སྒུར་ཏེ། ཧོང་ཀོང་གི་དམངས་གཙོའི་ངོ་རྒོལ་ལས་འགུལ་གྱི་ངར་ཤུགས་གང་འཚམས་ཤིག་ཆག་ཀྱང་། ད་དུང་ཡང་ཧོང་ཀོང་གི་སློབ་ཕྲུག་ཁག་ཅིག་གིས་སྔར་བཞིན་སྲང་ལམ་ཁག་ཏུ་ངོ་རྒོལ་ལས་འགུལ་དེ་ཉིད་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། དེ་རིང་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ཚོས་སློབ་ཕྲུག་དེ་དག་གི་གུར་བཤིག་པ་དང་སློབ་ཕྲུག་ཚོ་ངོ་རྒོལ་བྱ་ཡུལ་ཁག་ནས་བཙན་ཤེད་ཀྱིས་མཐར་སྐྲོད་བཏང་འདུག ཡིན་ནའང་ཧོང་ཀོང་གི་སློབ་ཕྲུག་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཨི་ཐན་ཆུན་གྱིས་བཤད་པ་ལྟར་ན། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་སློབ་ཕྲུག་དགོས་འདུན་ཁག་ལ་དང་ལེན་མ་བྱས་པར་སྣང་མེད་བཏང་ཚེ། ང་ཚོས་མུ་མཐུད་དུ་སྲང་ལམ་ཁག་བཀག་ནས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།

XS
SM
MD
LG