ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨེ་ཤི་ཡའི་དམངས་གཙོ་དོན་གཉེར་བ་འཛམ་གླིང་གི་ནང་ནས་གྱོད་འཛུཊ་ཆེ་ཤོས་བྱ་ཡུལ་ཆཊ་ཡོད་པ།


འཛམ་གླིང་ཁྱོན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དོན་གཉེར་བ་རྣམས། གཟའ་འཁོར་སྔོན་མར། ཕྷི་ལི་པིན་ཡུལ་གྱི་གྲོང་ཁྱེར་མྭ་ནི་ལའི་ནང་ལྷན་ འཛོམས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་བྱེད་མཁན་རྣམས་ ལ་སྲུང་སྐྱོབ་བྱེད་ཐུབ་པའི་ཐབས་བྱུས་རྣམས་ཕྱོགས་གཅིག་ཏུ་རྡོག་ལ་བསྒྲིལ་ ཐབས་ཇི་དགེའི་ཐད་གྲོས་བསྡུར་བྱས་ཡོད་པ་རེད། ད་རེས་ཀྱི་ལྷན་ཚོགས་འདིས། སྲུང་སྐྱོབ་ཀྱི་ཐབས་བྱུས་སྣ་ཚོགས་ཤིག་ཡོད་པ་དེ་དག ལག་ལེན་དོན་འཁྱོལ་ ཡོང་བ་བྱེད་ཕྱོགས་སུ་འགོག་རྐྱེན་ཡོད་པ་རྣམས་སེལ་ཐབས་བྱེད་དགོས་པའི་ སྐོར་གྱི་གནད་འགགས་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། གོང་ཞུས་ཀྱི་ལྷན་ཚོགས་དེའི་སྐབས་སུ། དམངས་གཙོ་དོན་གཉེར་བ་རྣམས་ཀྱི་ ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་ཡོང་ཐབས་སུ་ དམིགས་ཏེ། ཚོགས་སྡེ་ཁག་ལ། སྲུང་སྐྱོབ་ཀྱི་ཐབས་བྱུས་དང་ལམ་ལུགས་སྣ་ ཚོགས་ཤིག་ཡོད་པ་དེ་དག་ལག་ལེན་དུ་བསྟར་ཕྱོགས་ཀྱི་སྐོར་དང་ཆབས་ཅིག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ རྣམས་ཀྱི་གནས་སྟངས་ལ་རྟོག་ཞིབ་གནང་མཁན་དུ་གསར་དུ་བསྐོ་བཞག་བྱས་ པའི་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་པ་ མའེ་ཁོར་ཕྲའོ་སེ་དང་མཉམ་ འབྲེལ་གྱི་ལས་དོན་ཕན་ནུས་ལྡན་པ་སྤེལ་ཐུབ་པའི་ཆེད་ཀྱི་འཆར་གཞི་འདིངས་ བཀོད་བྱས་པ་ཡིན་འདུག

XS
SM
MD
LG