ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱུན་རིང་བཙོན་འཇུག་བྱེད་པའི་ཆབ་སྲིད་བཙོན་པ་ཞིག་གློད་འགྲོལ་བྱུང་བ།


འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་དུས་ཡུན་མང་ཆེ་བ་བཙོན་ཁང་ནང་དོ་དམ་བཀག་བསྐྱིལ་བྱས་པའི་ཆབ་སྲིད་ཀྱི་བཙོན་པ་བཙོན་འཇུག་བྱེད་རྒྱུན་རིང་ཤོས་ཀྱིས་གྲས་གཅིག་ཡིན་པ་རྒྱ་ནག་གཞུང་དང་བསམ་ཚུལ་མི་མཐུན་མཁན་ སོག་པོའི་མི་རིགས་མིང་ལ་ཧ་རྡ་ཟེར་བ་ཁོང་ རྒྱ་ནག་གིས་གློད་འགྲོལ་བཏང་ཡོད་པ་ཧ་རྡའི་ཨ་ཞང་གིས་བརྗོད་ཡོད་པ་དང་ ནང་སོག་གི་ནང་རང་སྐྱོང་གི་དབང་ཚད་ཆེན་པོ་ཡོད་པ་གོ་ཐོས་ཡོད་པ་ཡིན་ནའང་རྒྱ་ནག་གིས་ བོད་དང་ཤིང་ཅང་ཐོག་སྲིད་ཇུས་ལག་བསྟར་བྱེད་པ་གཞིར་བཟུང་འཐབ་ཇུས་ཀྱི་གནད་འགག་ཆེ་བའི་ས་མཚམས་ས་ཁུལ་ནང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དུས་བདེ་ལྷིང་འཇགས་མེད་པའི་གནས་ཚུལ་རྐྱེན་སློང་བྱུང་སྲིད་པའི་ཞེད་སྣང་གི་དབང་གིས་ནང་སོག་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ་སོགས་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG