ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མག་ཛུ་ཁར་བྷག་གིས་རང་གི་ལས་བྱེད་པ་རྣམས་ལ་རྒྱ་ནག་གི་དྲིལ་བསྒྲཊ་སྦྱང་དུ་འཇུག་གི་ཡོད་པ།


རྒྱ་ནག་གི་མཐོུང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ ཀྱི་ལམ་ལུགས་ཤེས་རྟོགས་བཟང་བ་ཡོང་རྒྱུའི་ཆེད་དུ། རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་པིང་གིས་གཏམ་བཤད་བྱས་པ་ཁག་ཀློག་དགོས་ལུགས་ངོ་དེབ་ཀྱི་དྲ་རྒྱ་ གསར་གཏོད་པ་མག་ཛུ་ཁར་བྷག་གིས། རང་གི་ལས་བྱེད་པ་རྣམས་ལ་ བརྗོད་ཡོད་པའི་གནད་དོན་གྱི་ཐད། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་ མི་མཐུན་མཁན་རྒྱ་མི་དམངས་གཙོ་དོན་གཉེར་བའི་ནང་ཁོངས་སུ་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་འཛིན་སྐྱོང་བྱེད་སྟངས་ཞེས་པའི་སྲིད་འཛིན་ཞི་ཅིན་པིང་གི་དཔེ་དེབ་དེ། མག་ཛུ་ཁར་བྷག་གིས། རང་ཉིད་ཀློག་པ་ཙམ་མ་ཡིན་པར། ངོ་དེབ་ཀྱི་ལས་ བྱེད་པ་ཚོའི་ཆེད་དུ་སྤུས་ཉོ་བྱས་པའི་བྱ་སྤྱོད་དེ་ནི། རྒྱ་ནག་གཞུང་གི་བློ་ཡིད་ འགུགསརྒྱུ་འི་ཆེད་དུ། རྒྱ་ནག་གཞུང་གི་དྲིལ་བསྒྲགས་རྣམས་རང་གི་ལས་བྱེད་ པ་རྣམས་ལ་ཀློག་ཏུ་བཅུག་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་འཛིན་སྐྱོང་བྱེད་སྟངས་ཞེས་པའི་དཔེ་དེབ་དེ་ནི། མའོ་ཚེ་ཏུང་གི་ མཇུག་ཏུ། རྒྱ་ནག་གི་འགོ་ཁྲིད་དབང་ཤུགས་ཆེ་ཤོས་ཤིག་ཡིན་པར་མཐོང་ ཕྱོགས་འཛིན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྲིད་འཛིན་ཞི་ཅིན་པིང་གི་དབུ་ འཕང་དགུང་འདེཊ་བྱེད་ཐབས་སུ་དམིགས་ཏེ། རྒྱ་ནག་མི་མང་སྤྱི་མཐུན་ རྒྱལ་ཁབ་ཀྱིས། ཉེ་སྔོན་ཕྱི་ཟླ་དགུ་པའི་ནང་སྐད་རིགས་དགུའི་ནང་དཔར་ བསྐྲུན་བྱས་པའི་དཔེ་དེབ་དེ་ཡིན་པ་རེད།

XS
SM
MD
LG