ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཨོ་བྷ་མས་རེས་གཟའ་སྤེན་པའི་ཉིན་ཁ་ཆེའི་རྒྱལ་ཁབ་ཡེ་མན་ནང་ཁ་ཆེ་འཇིགས་སྐུལ་བས་ཨ་རིའི༌མི་སེར་ལུག་སཱོ་མར་ཞེས་པ་བཙན་ཉར་བྱས་ཡོད་པ་དེའི་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་གནས་ཚུལ་འབྱོར་སྐབས་ཁོ་པ་བཙན་ཐབས་ཀྱི་གློད་འགྲོལ་ཡོང་རྒྱུར་ཨ་རིའི་དམག་དཔུང་རུ་ཁག༌གཅིག་གཏོང་རྒྱུའི་བཀའ་འཁྲོལ་གནང་བ་ཡིན་ལུགས་གཏམ་བཤད་གནང་འདུག

སྲིད་འཛིན་གྱི་གཏམ་བཤད་དེ་མ་གནང་གོང་ཙམ་དུ་ཡེ་མན་གཞུང་གི་རྒྱལ་ཡོངས་སྲུང་སྐྱོབ་འགོ་འཛིན་དེས་ཁ་ཆེ་འཇིགས་སྐུལ་བ་ཨལ་ཀཡེ་རྡ་ཞེས་པས་ཨ་རི་བ་ལུག་སཱོ་མར་རེས་གཟའ་སྤེན་པའི་ཉིན་གསད་རྒྱུའི་བྱུས་བཀོད་བྱས་ཡོདཔ་རེད་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་ཁ་ཆེ་འཇིགས་སྐུལ་བ་ཨལ་ཀཡེ་རྡ་ཡི་ས་ཁུལ་དེར་ཁྱབ་པའི་བརྙན་འཕྲིན་ནང་ཨ་རི་བ་སོ་མཱར་གསད༌རྒྱུའི་བསྡིག་བསྐུལ་བྱས་ཡོད་པའི་སྐོར།

XS
SM
MD
LG